༸གོང་ས་མཆོག་ཡོ་རོབ་ལ་ཆིབས་བསྒྱུར་གནང་རྒྱུ།

༸གོང་ས་མཆོག་རེས་གཟའ་ལྷག་པའི་ཉིན་བཞུཊ་སྒར་ནས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་དང་ཨ་རི་ནང་ཕེབས་རྒྱུའི་མཛད་འཆར་ཡོད་པ་རེད།

2008.05.13

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ནས་ཡོ་རོབ་ཀྱི་རྒྱལ་ཁབ་ཇར་མ་ནི་དང་། དབྱིན་ཡུལ་དང༌། ཕ་རན་ས྄་དང་དེ་བཞིན་ཨ་མི་རི་ཀ་དང་ཨས྄་ཊེ་ལིཡ་བཅས་ནང་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིར་ཐོག་མར་ ཇར་མ་ནི ་ལ་ཆིབས་བསྒྱུར་གྱིས་བར་ལམ་ཕྱི་ཟླ་གསུམ་པའི་ཚེས་ ༡༠ བོད་མི་རང་དབང་གྱེན་ལངས་ཉིན་མོ་ནས་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་བར།  རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་ཟླ་བ་གཉིས་འཁོར་བ་བཞིན་ཇར་མ་ནི་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང་དེ་རྗེས་མུ་མཐུད་ཨ་མི་རི་ཀ་དང་། ཨས྄་ཊེ་ལི་ཡ་དང༌། དབྱིན་ཡུལ་དང༌། ཕ་རན་ས྄་བཅས་ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ཡིན་ནའང་སྐུ་སྒེར་ཡིག་ཚང་གི་མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་ལགས་ཀྱིས།  ད་རེས་༸གོང་ས་མཆོག་ཇར་མ་ནི་ལ་གཟའ་འཁོར་གཅིག་གི་ཆིབས་བསྒྱུར་རིང་། ཇར་མ་ནི་སྲིད་བློན་ལྕམ་ ཨེན་ཇི་ལྰ་ མར་ཀེལ་ མཆོག་ལེ་ཊེན་ཨ་མི་རི་ཀའི་ནང་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་དུས་ཚོད་འཁེལ་ཡོད་པར་བརྟེན་ནས། ཇར་མ་ནི་ཕྱི་སྲིད་བློན་ཆེན་ ཕེ་རེན་ཀ་ ཝལ་ཊར་ སེན་མི་ཡར་གྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་མེད་པ་དང་། འོན་ཀྱང་ཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ནོར་བྷཊ་ ལམ་མརྚ དང་མངའ་སྡེའི་བློན་ཆེན་ཁག་ཅིག་གིས་མཇལ་འཕྲད་ཞུ་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ༸གོང་ས་མཆོག་ན་ནིང་ཕྱི་ཟླ་དགུ་པའི་ནང་ ཇར་མ་ནི་ལ་ཆིབས་བསྒྱུར་བསྐྱངས་བའི་སྐབས་ཇར་མ་ནི་སྲིད་བློན་ལྕམ་ ཨེན་ཇི་ལཱ་ མར་ཀེལ་

མཆོག་གིས་མཇལ་འཕྲད་ཞུས་པར་བརྟེན། རྒྱ་ནག་དང་ཇར་མ་ནི་བར་གྱི་འབྲེལ་ལམ་ཡང་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་། ཇར་མ་ནི་གཞུང་གིས་བོད་ཐོག་རྒྱབ་

སྐྱོར་ཆེན་པོ་ཡོད་པ་མ་ཟད། བར་ལམ་བོད་ནང་དོན་རྐྱེན་འཕྲད་པའི་སྐབས་རྒྱ་ནག་གཞུང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གྲོས་མོལ་ཞུ་དགོས་པའི་གནོན་ཤུགས་སྤྲད་པ་དང་། ད་རེས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་མཚམས་འཇོག་ཡོང་

ཐབས་ཀྱི་འབད་བརྩོན་གནང་བ་དེར་དགའ་བསུ་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎