༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་མོར་འཚམས་འཕྲིན་གནང་བ།


2016.04.22
དབྱིན་ཇིའི་རྒྱལ་མོ་(Elizabeth)་མཆོག་དགུང་གྲངས་༩༠་ལ་ཕེབས་པའི་འཁྲུངས་སྐར་སྐབས། ༢༠༡༦།༤།༢༡ དབྱིན་ཇིའི་རྒྱལ་མོ་(Elizabeth)་མཆོག་དགུང་གྲངས་༩༠་ལ་ཕེབས་པའི་འཁྲུངས་སྐར་སྐབས། ༢༠༡༦།༤།༢༡
John Stillwell / POOL / AFP

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ དབྱིན་ཇིའི་རྒྱལ་མོ་Elizabeth་དགུང་གྲངས་༩༠་ཕེབས་པའི་འཁྲུངས་ཚེས་ལ་འཚམས་འདྲིའི་གསུང་འཕྲིན་གནང་འདུག།
དེ་ཡང་ཕྱི་ཟླ་༤་པའི་ཚེས་༢༣་ཉིན། དབྱིན་ཇིའི་རྒྱལ་མོ་Elizabeth་མཆོག་དགུང་གྲངས་༩༠ཕེབས་ཀྱི་ཡོད་པ་དང་། ཁ་ས་ཚེས་༢༡ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དབྱིན་ཇིའི་རྒྱལ་མོ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་གནང་འདུག གསུང་འཕྲིན་ནང་གསལ་བར་གཞིགས་ན། ༧གོང་ས་མཆོག་སྐུ་ན་ཆུང་དུས་ནས་  དཔལ་ལྡན་དབྱིན་ཇིའི་རྒྱལ་མོ་མཆོག་ལ་ཡིད་སྨོན་ཞུ་ཡི་ཡོད་པ་དང་། རྒྱལ་མོ་མཆོག་གི་སྐོར་ཕྱག་དེབ་ཀློག་མྱོང་ཡོད་པ་མ་ཟད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱལ་ས་ལོན་ཊོན་ནང་གཏོར་རྒོལ་ཆེན་པོ་བྱུང་ཞིང་། རྒྱལ་མོ་མཆོག་དང་རྒྱལ་མོའི་སྟོན་འཁོར་བཅས་པས་ དམག་འཁྲུག་ཀྱི་རྐྱེན་ངན་འོག་ཚུད་པའི་མི་མང་ལ་ཐུགས་གསོ་ཇི་ལྟར་གནང་བ་དེ་དག་གློག་བརྙན་བརྒྱུད་གཟིགས་མྱོང་བ་དྲན་ཡུལ་དུ་ཡོད་པ་གསུངས་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོི་མཆོག་གི་འཚམས་འདྲིིའི་གསུང་འཕྲིན་དེའི་ནང་མུ་མཐུད་གསལ་བར་། རྒྱལ་མོ་Elizabeth་མཆོག་དབྱིན་ཇིའི་ལོ་རྒྱུས་ནང་། རྒྱལ་མོའི་མཚན་གནས་དུས་ཡུན་རིང་ཤོས་འཛིན་མཁན་གྱི་གནས་བབ་དང་མཚུངས་པའི་འཁྲུངས་སྐར་སྲུང་བརྩིའི་གྲ་སྒྲིག་ཟབ་རྒྱས་གནང་བཞིན་པ་དང་། དེ་བཞིན་རྒྱལ་སྤྱིའི་ཕྱོགས་མཐའ་ཁག་ནས་རྒྱལ་མོ་མཆོག་ལ་དགའ་བསུའི་རྟེན་འབྲེལ་གྱི་འཚམས་འདྲི་ཕུལ་བཞིན་པ་ལྟར། ༧གོང་ས་མཆོག་སྐུ་ཉིད་ནས་ཀྱང་རྒྱལ་མོ་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུ་ཡི་ཡོད་ཅེས་དང་། རྒྱལ་མོ་མཆོག་ནི་བློ་སྤོབས་འབྱིན་མཁན་དང་། སྙིང་སྟོབས་ལྡན་པ། གཞན་གྱི་བྱ་བ་གྲུབ་པའི་མིག་དཔེར་གྱུར་ཡོད་ཅེས་དང་། ངོས་ནས་བཀྲིས་པའི་དུས་སྐབས་འདིར་རྒྱལ་མོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། དབྱིན་ཡུལ་བཅས་པའི་བདེ་སྐྱིད་དང་ཡར་རྒྱས་གོང་འཕེལ་འབྱུང་བའི་སྨོན་འདུན་ཡོད་ཅེས་གསུང་འཕྲིན་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎