༧གོང་ས་མཆོག་ཨོ་སུ་ཊིརེ་ཡའི་ནང་ཆིབས་བསྒྱུར་སྐྱོང་རྒྱུར་དགའ་བསུ་ཡོད།


2017.08.28
Austria་གཞུང་ཚབ་ཆེན་མོ་ལྕམ་Brigitte Oeppinger Walchshofer་མཆོག Austria་གཞུང་ཚབ་ཆེན་མོ་ལྕམ་Brigitte Oeppinger Walchshofer་མཆོག
དྲ་བཤུས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་(Austria)་ནང་ཆིབས་བསྒྱུར་སྐྱོང་གནང་རྒྱུར་དགའ་བསུ་ཡོད་ཅེས་Austriaའི་གཞུང་འབྲེལ་མི་སྣ་ཞིག་གིས་གསུངས་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་Austria་གཞུང་ཚབ་ཁང་དུ་གསར་དུ་བསྐོ་བཞག་གནང་པའི་Austria་གཞུང་ཚབ་ཆེན་མོ་ལྕམ་Brigitte Oeppinger Walchshofer་མཆོག་གིས། རྒྱ་ནག་གཞུང་གིས་གནོན་ཤུགས་ཇི་ལྟར་སྤྲོད་མིན་ལ་མ་ལྟོས་པར་Austria་གཞུང་དེ་རྒྱལ་ཁབ་གཞན་གྱི་དབང་འོག་ཏུ་མ་ཚུད་པར་རང་ཉིད་ཀྱིས་ཐག་གཅོད་ཀྱི་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Austria་ནང་ཆིབས་བསྒྱུར་སྐྱོང་གནང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཡོ་རོབ་སྤྱི་མཐུན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་འཛིན་གནང་བའི་སྲིད་བྱུས་དེ་སོར་གནས་བྱེད་དགོས་ཀྱི་རེད་ཅེས་Hindu་ཞེས་པའི་རྒྱ་གར་གྱི་གསར་ཤོག་ཐོག་རེས་གཟའ་ཟླ་བའི་ཉིན་གསལ་སྟོན་གནང་འདུག
ཡང་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ག་དུས་ཡིན་ནའང་Austria་ནང་ཆིབས་བསྒྱུར་གནང་རྒྱུར་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་རྒྱལ་ཁབ་སུས་ཀྱང་དེར་དགག་བྱ་ཡོད་བ་མ་རེད་ཅེས་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཧ་ཅང་གི་གུས་བརྩི་འོས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་དང་། ༧གོང་ས་མཆོག་གིས་Mahatma Gandhi་འཚེ་མེད་ཞི་བའི་ལྟ་གྲུབ་དེའི་ཐོག་ཕེབས་ནས་མི་མང་ཚང་མ་ཡིད་དབང་འཕྲོག་པ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན་༧གོང་ས་ཏཱ་ལའི་བླ་མ་མཆོག་Austria་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུར་ང་ཚོར་དཀའ་ངལ་གང་ཡང་མེད་ལ་རྒྱ་ནག་གཞུང་གི་ངོས་ནས་ཀྱང་ང་ཚོའི་ལངས་ཕྱོགས་དེའི་ཐོག་ཤེས་རྟོགས་གསལ་པོ་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག
ཉེ་ཆར་གསར་དུ་བསྐོ་བཞག་གནང་བ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་Austria ཡའི་གཞུང་ཚབ་ཆེན་མོ་ལྕམ་Walchshofer་མཆོག་ནི་ལྡི་ལའི་ནང་ཡོད་པའི་གཞུང་ཚབ་ཆེན་མོའི་ཐུགས་འགན་མ་བཞེས་གོང་ཏུ་དེ་སྔ་ལྷོ་Africa་ཁའི་ནང་ཡོད་པའི་Austria་ཡའི་གཞུང་ཚབ་ཆེན་མོའི་ཐུགས་འགན་བཞེས་གནང་གི་ཡོད་པ་རེད། ཁོང་གིས་གསར་འགོད་པར་མུ་མཐུད་ངོ་སྤྲོད་གནང་བའི་ནང་། ང་དེ་སྔ་ལྷོ་Africa་ཁའི་ནང་ཡོད་པའི་སྐབས་སུ་རྒྱ་ནག་གཞུང་གིས་གནོན་ཤུགས་ལ་བརྟེན་ནས་ལྷོ་Africa་ཁའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་Africa ཁའི་ནང་ཆིབས་བསྒྱུར་གནང་རྒྱུར་ཐོངས་མཆན་ཕྱག་འཁྱེར་ཕུལ་མེད་པ་དེར་ཡུལ་དེའི་ནང་ཡོད་པའི་མི་མང་པོ་ཞིག་བློ་ཕམ་བྱུང་ཡོད་པ་རེད་ཅེས་སོགས་གསལ་སྟོན་གནང་འདུག།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎