ཆོས་དཔོན་ཊུ་ཊུ་དམ་པའི་སྐུ་ཕུང་ཕྱིར་འདོན་གྱི་ཆོ་གའི་མཛད་སྒོར་ལྷོ་ཨཧྥ་རི་ཀའི་དོན་གཅོད་མཉམ་ཞུགས་གནང་འདུག

2022.01.03
ཆོས་དཔོན་ཊུ་ཊུ་དམ་པའི་སྐུ་ཕུང་ཕྱིར་འདོན་གྱི་ཆོ་གའི་མཛད་སྒོར་ལྷོ་ཨཧྥ་རི་ཀའི་དོན་གཅོད་མཉམ་ཞུགས་གནང་འདུག ཆོས་དཔོན་ཊུ་ཊུ་དམ་པའི་སྐུ་ཕུང་ཕྱིར་འདོན་གྱི་ཆོ་གའི་མཛད་སྒོར་ལྷོ་ཨཧྥ་རི་ཀའི་དོན་གཅོད་མཉམ་ཞུགས་གནང་སྐབས། ༡།༡།༢༢
tibet.net

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་ལྷོ་ཨཧྥ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཊུ་ཊུ་(Desmond Tutu)་མཆོག་གི་སྐུ་ཕུང་འདོན་ལས་ཀྱི་མཛད་སྒོ་འདི་ཚེས་༡་གཟའ་སྤེན་པའི་ཉིན། ལྷོ་ཨཧྥ་རི་ཀའི་(Cape Town)་གྲོང་ཁྱེར་གྱི་(St. George)་ཡེ་ཤུའི་ལྷ་ཁང་ནང་དུ་སྤེལ་སྐབས། རྒྱལ་སྤྱིའི་མི་སྣ་མི་གྲངས་བརྒྱ་དང་ཉི་ཤུ་རྩ་གྲངས་ཞིག་གདན་དུ་གནང་བའི་ཁོངས་སུ། ལྷོ་ཨཧྥ་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་གདན་ཞུས་ལྟར་ཆེད་བཅར་གྱིས་མྱ་ངན་དང་འབྲེལ་སྐབས་དེར་གལ་ཆེའི་མི་སྣ་མང་པོ་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་གནང་ཡོདཔ་མ་ཟད། གསར་འགོད་པ་ཚོས་དམིགས་བསལ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཕེབས་པར་ཐུགས་སྣང་ཆེན་པོས་བཅར་འདྲི་གནང་ཡོད་པ་སོགས་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་མཛད་སྒོའི་ཐོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་(Ramaphosa)་མཆོག་གིས། ལྷོ་ཨཧྥ་རི་ཀའི་ཡེ་ཤུ་ཆོས་དཔོན་དང་མི་རིགས་དབྱེ་འབྱེད་འཐབ་རྩོད་གནང་མཁན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་ཊུ་ཊུ་(Desmond Tutu)་ནི། ལྷོ་ཨཧྥ་རི་ཀའི་རྒྱལ་ཁབ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནང་རང་དབང་དང་དྲང་བདེན། འདྲ་མཉམ་དང་འཛམ་གླིང་ཞི་བདེའི་ཆེད་འཐབ་རྩོད་གནང་མཁན་ཞིག་ཡིན་པ་རེད་ཅེས་ཆེས་བསྟོད་ཞུས་གནང་འདུག་ལ་དེ་ག་ནང་བཞིན་སྐབས་དེར་མཛད་སྒོའི་ཐོག་ཆེད་བཅར་གནང་བའི་གལ་ཆེའི་མི་སྣ་མང་པོས་དམ་པ་ཁོང་ནི་འཛམ་གླིང་ཁྱོན་ཡོངས་སུ་འཇིགས་སྣང་དང་འཁོན་འཁྲུག། བཙན་གནོན་དང་དྲག་གནོན་ཕོག་མཁན་གྱི་འཐབ་རྩོད་པ་རྣམས་ལ་འོད་སྣང་སྦྱིན་མཁན་ཞིག་ཡིན་པ་སོགས་བསྔགས་བརྗོད་གནང་འདུག
ཡེ་ཤུའི་ཆོས་དཔོན་ཊུ་ཊུ་(Desmon Tutu)་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་མ་ཐག ཁོང་ལ་ཐུགས་བརྩེ་ཆེན་པོ་ཡོད་པ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་གཙོས་རྗེས་ཤུལ་སྐུ་འཁོར་རྣམས་ལ་ཐུགས་གསོའི་ཕྱག་བྲིས་གསོལ་སྩལ་གནང་ཡོད་པའི་ནང་། དམ་པ་ཁོང་ནི་དངོས་གནས་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་འཁུར་གནང་མཁན་དང་། དམ་བཅའ་བརྟན་པོའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་གནང་མཁན་ཞིག་ཆགས་ཡོད་ཅེས་ཀྱང་བཀའ་གནང་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎