༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བར་ཚེ་དབང་བསྩལ་གནང་བ།


2016.01.01
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་པར་ཆོས་འབྲེལ་སྐབས། ༢༠༡༥།༡༢།༣༠ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་པར་ཆོས་འབྲེལ་སྐབས། ༢༠༡༥།༡༢།༣༠
OHHDL

དེ་ཡང་སྤྱི་ལོ་༢༠༡༦ལོའི་ལོ་གསར་ཚེས་༡ཉིན། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་པར་དད་ལྡན་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་གྱི་ཚེ་དབང་བསྩལ་གནང་བ་དང་། མགོན་པོ་གང་ཉིད་ལ་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་བཀྲ་ཤིས་ལྷུན་པོའི་དགོན་པ་ནས་བརྟན་བཞུགས་འབུལ་གནང་སྐབས། ང་ཚོ་ཚང་མ་སྐྱེས་དུས་གཅིག་པ་བྱས་ནས་སྐྱེས་བ་དང་། ཤི་དུས་གཅིག་མཚུངས་ཀྱིས་ཤི་དགོས་བ་ལས་མི་འདྲ་བ་གང་ཡང་ཡོད་བ་མ་རེད། དེའི་བར་སྐབས་དེར་ང་ཚོ་མི་མང་མ་མི་གཅིག་གྱུར་གྱི་བསམ་བློ་བཏང་ནས་མི་ཚེ་དོན་དང་ལྡན་པའི་ངང་ཚེ་རིང་པོ་བསྐྱེལ་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད། ཁྱེད་རང་ཚོ་དུས་རབས་༢༡པའི་མི་རབས་ནི་རེ་བ་ཡོད་པའི་མི་རབས་ཡིན་པས། དུས་རབས་༢༠བའི་སྐབས་བཟོས་བའི་དཀའ་ངལ་ཁག་ཁྱེད་ཚོས་སེལ་ཐབས་དགོས་བ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།
ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎