ཏཱ་ལའི་བླ་མ་ཐེབས་རྩ་ཁང་གིས་སློབ་ཡོན་གསལ་བསྒྲགས་གནང་འདུག


2017.02.27
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཀྱི་ཁྱབ་ཁོངས་Jesus and St. Mary་བེུད་མཐོ་སློབ་ཁང་དུ་བཀའ་སློབ་གནང་བཞིན་པ། ༢༠༡༧།༢།༧ ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཀྱི་ཁྱབ་ཁོངས་Jesus and St. Mary་བེུད་མཐོ་སློབ་ཁང་དུ་བཀའ་སློབ་གནང་བཞིན་པ། ༢༠༡༧།༢།༧
OHHDL

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་ཁང་གིས་སྤྱི་ལོ་༢༠༡༧་ནས་༢༠༡༨་བར་བོད་པའི་སློབ་ཕྲུག་བཅུ་ནས་བཅོ་ལྔ་བར་ལ་སློབ་ཡོན་རོགས་རམ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག
༧གོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གི་དྲུང་ཆེ་སྐུ་ཞབས་བསྟན་འཛིན་དོན་ལྡན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་ཁང་གིས་ལོ་ལྟར་བོད་པའི་སློབ་ཕྲུག་ཚོར་ཚད་མཐོའི་སློབ་ཡོན་རོགས་རམ་གནང་སྲོལ་ཡོད་པ་ལྟར། འདི་ལོ་ཐེངས་བདུན་པ་སྤྱི་ལོ་༢༠༡༧་ནས་༢༠༡༨་བར་བོད་པའི་སློབ་ཕྲུག་བཅུ་ནས་བཅོ་ལྔ་བར་འདེམས་ཐོན་ཀྱིས་སློབ་མ་རེར་སློབ་ཡོན་སྒོར་ཁྲི་རེ་སྤྲོད་རྒྱུ་ཡིན་ཞིང་། སློབ་ཡོན་དེ་བཞིན་ཡོ་རོབ་དང་། Austaralia དེ་བཞིན་བྱང་ཨ་རིའི་ནང་གི་སློབ་གྲྭ་ཆེན་མོའི་ནང་དུ་སློབ་ཞུགས་ཆ་ཚང་གནང་མཁན་བོད་པའི་སློབ་ཕྲུག་ཚོར་ཕུལ་རྒྱུ་ཡིན་པ་རེད།
སློབ་ཡོན་སྤྲོད་རྒྱུའི་ལས་འཆར་དེའི་དམིགས་ཡུལ་ནི་གཙོ་བོར་བོད་རིགས་སློབ་ཕྲུག་ཚོར་ཚད་མཐོའི་སློབ་སྦྱོང་གི་གོ་སྐབས་ཐོབ་ཐུབ་པར་སྐུལ་མ་དང་། གོ་སྐབས་ཐོབ་པ་དེས་མ་འོངས་པར་མིའི་སྤྱི་ཚོགས་སྤྱི་དང་། ཡང་སྒོས་བོད་པའི་སྤྱི་ཚོགས་ལ་ཕན་པ་བསྐྲུན་ཐབས་ཆེད་དུ་ཡིན་འདུག
སློབ་ཡོན་རག་པར་དང་པོ་ཚུད་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་དགོས་ཀྱི་ཡོད་པ་ལྟར། དེའི་སྐོར་ཀྱི་ཞིབ་ཕྲའི་གནས་ཚུལ་དང་སྙན་ཞུ་ཡིག་ཆ་དེ་དག་Dalailamatrust.org/scholarship་དྲ་ཐག་ནས་ལྟ་ཀློག་ཐུབ་པ་དང་། སློབ་ཡོན་གྱི་མཐུན་འགྱུར་དེ་དགོས་མཁན་ཚོས་ངེས་བར་དུ་སྤྱི་ཟླ་༤་པའི་ཚེས་༢༢་ནང་ཚུད་ལ་སྙན་ཞུ་ཕུལ་ཟིན་དགོས་པ་ཡིན་འདུག
ཏཱ་ལའིི་བླ་མའི་ཐེབས་རྩ་ཁང་ནི་གོང་ས་ཏཱ་ལའི་བླ་མ་མཆོག་གིས་༢༠༠༩་ལོར་གསར་འཛུགས་གནང་ཞིང་། དེའི་དམིགས་ཡུལ་ནི་བོད་མིའི་བདེ་དོན་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོང་ཀྱི་ལས་དོན་བཅས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེད་ཡིན་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎