ཨཡེར་ལེནཌའི་མཐོ་སློབ་ཞིག་གིས་༧གོང་ས་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུ་སླར་ཡང་གྲོས་བསྡུར་བྱུང་འདུག

2022.09.28
ཨཡེར་ལེནཌའི་མཐོ་སློབ་ཞིག་གིས་༧གོང་ས་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུ་སླར་ཡང་གྲོས་བསྡུར་བྱུང་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
AFP

ཡོ་རོབ་ཨཡེར་ལེནཌའི་རྒྱལ་ས་ཌབ་ལིན་གྲོང་ཁྱེར་ནང་ཆགས་པའི་(Trinity College)་ཞེས་པའི་མཐོ་རིམ་སློབ་གྲྭས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མཚན་གནས་ཀྱི་ཕྱག་འཁྱེར་འབུལ་རྒྱུའི་སྐོར་སླར་ཡང་གྲོས་བསྡུར་བྱུང་འདུག
དེ་སྔོན་༢༠༡༩ལོར་མཐོ་སློབ་ཁང་དེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་དེ་འབུལ་རྒྱུའི་གྲོས་མོལ་བྱུང་ཡོད་ཀྱང་། སྐབས་དེ་དུས་ཀྱི་མཐོ་སློབ་ཀྱི་གཙོ་འཛིན་(Mary McAleese)་ཡིས་རྒྱ་ནག་གཞུང་གིས་རྒོལ་ལན་ཡོང་རྒྱུར་སྐྲག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཕྱིར་འཐེན་ཞུས་ཡོད་པ་དབྱིན་ཇིའི་(Independent)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནད་དོན་དེའི་ཐད་བློ་འཚབ་ཡོད་པའི་མི་སྣ་ཁག་ཅིག་ལ་(Trinity)་མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་ཚོས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཆེ་བསྟོད་ཕྱག་འཁྱེར་འབུལ་ཡུལ་གྱི་ཁོངས་སུ་ཡོད་མུས་ཡིན་པ་ལན་འདེབས་བྱས་ཡོད་པ་དབྱིན་ཇིའི་གསར་ཁང་དེས་གནས་ཚུལ་བཀོད་འདུག དེ་བཞིན་ཨཡིར་ལེནཌི་(Ireland)་གྱི་(Fine Gael)་ས་གནས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Barry Ward)་ལགས་ཀྱིས། (Triniti)་ མཐོ་རིམ་སློབ་གྲྭའི་དེ་སྔའི་ཐག་གཅོད་དེ་ནི་བློ་འཚབ་སྐྱེས་གཞི་ཞིག་ཡིན་པ་གསུངས་ཤིང་། ཁོང་གིས། མཐོ་རིམ་སློབ་གྲྭའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་ཕྱོགས་དང་། དེ་མིན་ཤེས་ཡོན་སློབ་གསོའི་ལས་དོན་ཐད་ཐག་གཅོད་ཇི་ལྟར་བྱས་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ཕྱོགས་ནས་ཡ་ལན་འབྱུང་མིན་ལ་ལྟོས་མེད་ཀྱིས་ཐག་གཅོད་བྱེད་དགོས་པ་གསུངས་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎