༸གོང་ས་མཆོག་ཆེཀ་སྤྱི་མཐུན་རྒྱལ་ཁབ་དུ་ཆིབས་བསྒྱུར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཧ་ལྦེལ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།

2008.11.29

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་དགུ་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་བར་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་གིས་གདན་ཞུ་བཞིན་ཆེཀ་སྤྱི་མཐུན་རྒྱལ་ཁབ་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་རིང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཧ་ལྦེལ་མཆོག་དང་མཇལ་འཕྲད་གནང་རྒྱུ་མ་ཟད་གཟའ་ཟླ་བའི་ཉིན་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་མི་ཚོར་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང་དེ་མིན་སྙིང་རྗེ་དང་བདེ་སྐྱིད་ཀྱི་བརྗོད་གཞིའི་ཐོག་དམངས་ཚོགས་ལ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད། དེ་བཞིན་ད་ལོ་སྤྱི་ཟླ་བརྒྱད་པའི་ནང་ཚོགས་པའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ནང་རི་རྩེད་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་ཨི་ཊ་ལིའི་རི་རྩེད་འགྲན་བརྩོད་པ་མའར་ག་རི་    གེརེན་སི་སྦ་སི་ཡང་༸གོང་ས་མཆོག་ཞལ་མཇལ་དུ་བཅར་གྱི་ཡོད་འདུག དེ་རྗེས་ཕྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོའོ་ལེན་གྱི་ཡུལ་ནང་པོའོ་ལེན་གྱི་དབུ་ཁྲིད་ཟུར་པ་ལེཆ་ལྦ་ལེ་ས་མཆོག་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་སྟེ་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་གདན་ཞུ་བཞིན་ཆིབས་བསྒྱུར་གནང་གི་ཡོད་པ་དང་པོའོ་ལེན་ནང་ཆིབས་བསྒྱུར་བསྐྱངས་རིང་པོའོ་ལེན་གྱི་སྲིད་བློན་ཌོ་ནལ་ཊསྐ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་པོའོ་ལེན་གྱི་སྲིད་བློན་མཆོག་ནས་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎