༧གོང་ས་མཆོག་གིས་ཚང་མར་ཐུཊ་རྗེ་ཆེ་གསུང་འཕྲིན་བསྩལ་བ།
2015.08.13
ཉེ་ལམ་འཛམ་གླིང་གང་སར་༧གོང་ས་མཆོག་གི་གྱ་སྟོན་སྲུང་བརྩི་ཞུས་བར་༧གོང་ས་མཆོག་གིས་ཚང་མར་ཐུགས་རྗེ་ཆེ་ཞེས་གསུང་འཕྲིན་བསྩལ་བ།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་སྐུའི་འཁྲུངས་སྐར་འཛམ་གླིང་གང་སར་སྲུང་བརྩི་ཞུས་ཡོད་པ་དེར། མགོན་པ་གང་ཉིད་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བསྩལ་འདུག
ཟླ་བ་འདིའི་ཚེས་༡༢ཉིན་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་བཀོད་པའི་གསུང་འཕྲིན་ནང༌། འདི་ལོ་ཕྱི་ཟླ་དྲུག་པ་བདུན་པའི་ནང་ངོས་རང་ལོ་བརྒྱད་ཅུར་སོན་པའི་སྐྱེས་ཚེས་ཀྱི་དུས་སྟོན་སྐབས་འཇིག་རྟེན་འདིའི་ཡུལ་ལུང་སྣ་ཚོགས་སུ་བཞུགས་པའི་མཆེད་གྲོགས་རྣམས་པས་འཚམས་འདྲི་དང་། ལེགས་བརྗོད་སྨོན་འདུན་གནང་སོན་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། ཀུན་གྱིས་མཁྱེན་གསལ་བཞིན་ངོས་ཀྱི་མི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་སྒྲུབ་པའི་དོན་དུ་དམིགས་ཤིང་། ལྷག་པར་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཅི་ནུས་སྒྲུབ་པའི་ལྷག་བསམ་བཅངས་བཞིན་པ་ཡིན། བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ནི་སྲོག་ཆགས་ཀུན་གྱི་རང་གཤིས་ཡིན་པ་དང་། དེ་ནི་སེམས་ཅན་ཐམས་ཅད་གཅིག་མཐུན་འདྲ་མཉམ་ཡིན་པའི་རྒྱུ་མཚན་ཡང་ཡིན། དེར་བརྟེན་འགྲོ་བ་ཡོངས་ཀྱི་ཕན་བདེ་སྒྲུབ་པ་དང་། སྡུག་བསྔལ་སེལ་བའི་མཉམ་འདུས་ཀྱི་ལས་འགན་ཡང་ཀུན་ལ་ཡོད་པས་འགྲོ་བ་མིའི་བྱམས་བརྩེ་སྙིང་པོ་ཅན་གྱི་བཟང་སྤྱོད་གོང་འཕེལ་དང་། འཐབ་རྩོད་དང་འཚེ་བ་སྤོང་ཐབས། ཆོས་ལུགས་ཕན་ཚུན་གུས་བརྩིའི་མཐུན་ལམ། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཚང་མས་ཐུགས་ཁུར་ཆེ་བསྐྱེད་གནང་བའི་རེ་སྨོན་དང་འབོད་བསྐུལ་བྱེད་ཀྱི་ཡོད། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་ཞེས་བཀའ་སྩལ་འདུག
གསར་འགོད་པ་ངག་ཆོས།