རང་ཉིད་ཀྱི་ཤེས་རབ་དེ་བཟང་ཕྱོགས་སུ་བེད་སྤྱོད་དགོས།


2015.01.21
༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བའི་RML་སྨན་ཁང་དུ་ཕེབས་སྐབས། ༢༠༡༥།༡།༢༠ ༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བའི་RML་སྨན་ཁང་དུ་ཕེབས་སྐབས། ༢༠༡༥།༡།༢༠
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་ལྡི་ལིར་སྨན་པ་དང་སྨན་ཞབས་པ་མང་པོར་སྤྱོད་བཟང་དང་། བྱམས་སྙིང་རྗེའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་Ram Manohar Lohiaཞེས་པའི་སྨན་ཁང་གི་གཙོ་འཛིན་Prof HK Karལགས་ཀྱི་གཙོས་ལས་བྱེད་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁ་ས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་དེའི་ནང་ཆིབས་བསྒྱུར་གནང་སྟེ་སྨན་པ་དང་། སྨན་ཞབས་པ། དེ་བཞིན་ལས་བྱེད་གཞན་བཅས་མི་གྲངས་༤༠༠ཙམ་ལ་སྤྱོད་བཟང་དང་། བྱམས་སྙིང་རྗེའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མར་ལུས་དང་། སེམས་ཚོར་གཅིག་མཚུངས་ཡོད་པ་དང་། སེམས་ཅན་གཞན་ལྟར་ང་ཚོ་ཚང་མ་ཡང་བདེ་བ་འདོད་པ་དང་། བདེ་སྐྱིད་ཀྱི་ངང་འཚོ་རྒྱུའི་ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན་ཀྱང་འགྲོ་བ་མི་དང་སེམས་ཅན་དབར་གྱི་ཁྱད་པར་ནི་མིས་རིག་པས་བརྟག་དཔྱད་བྱས་ནས་ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ་པ་དང་། རང་ཉིད་ཙམ་མ་ཡིན་པར་གཞན་ལའང་བདེ་སྐྱིད་སྤྲོད་ཐུབ་པའི་ནུས་པ་ཡོད། འོན་ཀྱང་མིའི་ཤེས་རབས་དེ་གཏོར་རྒོལ་གྱི་ལས་སོགས་བེད་སྤྱོད་ལོག་པར་བཏང་བ་ཡིན་ན། དེས་དཀའ་རྙོག་ཆེན་པོ་བཟོ་སྲིད་སྟབས་ང་ཚོས་རང་ཉིད་འགྲོ་བ་མི་ཐེར་འབུམ་བདུན་གྱི་ནང་ནས་གཅིག་ཡིན་པ་འདུ་ཤེས་དེའི་ཐོག་ནས་རང་ཉིད་ཀྱི་ཤེས་རབ་དེ་བཟང་ཕྱོགས་སུ་བེད་སྤྱད་དགོས་ལུགས་བཀའ་སློབ་གནང་འདུག དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་ཉིད་ནི་རྒྱ་གར་གྱི་གནའ་བོའི་འཚེ་བ་མེད་པའི་ལྟ་གྲུབ་ལ་རྗེས་སུ་ཡི་རང་ཞུ་མཁན་ཞིག་ཡིན་པ་དང་། འཚེ་བ་མེད་པའི་བསམ་བློའི་ལམ་ནས་བཟོད་སྒོམ་དང་། ཆོས་ལུགས་ཚང་མར་གུས་བརྩི་ཞུ་བའི་ཚོར་བ་སླེབས་ཐུབ་ལུགས་བཀའ་གནང་ཐོག་རྒྱ་གར་ལ་མཚོན་པ་ཡིན་ན། གནས་ཚུལ་ཆུང་ཙག་རེ་བཟུང་ཙམ་མ་གཏོགས་ཆེ་ས་ནས་ཆོས་ལུགས་ཚང་མ་འཆམ་མཐུན་ངང་རྒྱུན་རིང་ནས་གནས་བཞིན་ཡོད་པ་དང་། ཆོས་ལུགས་ཚང་མར་གུས་བརྩི་དང་། བྱམས་བརྩེ། བཟོད་པ་སོགས་ཀྱི་བསམ་བློའི་གོ་རྟོགས་ཀྱིས་འགྲོ་བ་མིའི་རིགས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་ལུགས་བཀའ་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎