༧གོང་ས་མཆོག་གིས་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་བཀའ་གནང་བ།


2016.03.16
༧གོང་ས་མཆོག་གིས་སུད་སི་ཇི་ནི་ཝ་རུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་བཞིན་པ། ༢༠༡༦།༣།༡༡ ༧གོང་ས་མཆོག་གིས་སུད་སི་ཇི་ནི་ཝ་རུ་གསར་འགོད་པའི་དྲི་བར་བཀའ་ལན་གནང་བཞིན་པ། ༢༠༡༦།༣།༡༡
Olivier Adam

ཁོང་ཁྲོ་བྱེད་སའི་ཡུལ་དེ་མེད་པར་འགྱུར་བའི་བློ་རང་རྒྱུད་ལ་བསྐྱེད་པར་བྱས་ན་རང་བཞིན་གྱིས་རང་སེམས་སྐྱིད་པ་ཡོང་བ་གསུངས་འདུག
དེ་ཡང་ཨ་རིའི་Huffington Postནང་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་བླ་ན་མེད་པའིདབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རང་གཞན་ཚང་མ་བདེ་བ་འདོད་མཁན་ཞིག་ཡིན་པས་སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་འདུ་ཤེས་བསྐྱེད་པའི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡིན་པར་ངོས་འཛིན་གནང་འདུག། འོན་ཀྱང་སེམས་ཀྱི་ཞི་བདེ་བག་ཕེབས་ངང་གནས་ཐུབ་པའི་ས་ལམ་འཐོབ་རྒྱུ་དེ་ཁ་ནས་བཤད་པ་ཙམ་མ་ཡིན་པར་དངོས་སུ་ལག་ལེན་དུ་འཁེལ་བ་བྱ་རྒྱུ་དེ་ཙམ་ལས་སླ་པོ་མེད་པའི་སྐོར་བཀའ་གནང་འདུག
དེ་ནི་ABCགསར་ལས་ཁང་གི་གསར་འགོད་པ་Dan Harris་ཡི་ལས་རིམ་ཐོག། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རང་ཉིད་ལ་སྡུག་བསྔལ་བཟོ་གཞིའི་གནད་དོན་དེ་དངོས་སུ་ཡོད་དང་མེད་སྒོམ་ཐུབ་པའི་ཉམས་ལེན་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་འགྲེལ་གནང་ཡོད་ཅིང་། སྡུག་བསྔལ་གྱི་རྒྱུ་དེ་སྒོམ་སྒྲུབ་ཉམས་ལེན་ཐོག་ནས་རྩད་གཅོད་བྱས་པའི་སྐབས་སུ་སྟོང་པ་ཉིད་སྒོམ་ཐུབ་པ་བྱ་དགོས་པའི་སློབ་སྟོན་གནང་འདུག
༧གོང་ས་མཆོག་གིས། ཁོང་ཁྲོ་དཔེ་མཚོན་དུ་དྲང་གནང་སྟེ་ཁོང་ཁྲོ་ལངས་སའི་གང་ཟག་དེར་འཁོན་འཛིན་གྱི་བློ་སྐྱེད་པའི་སྐབས། སེམས་ནང་ལ་དེར་ཁོང་ཁྲོ་བྱས་ནས་ཆོ་ག་རེ་ཡོད་རེད་བསམ་ནས་མི་དེར་སྡང་སེམས་སྤང་བ་ཡིན་ན། རང་ཉིད་ཀྱི་སེམས་ལ་བདེ་བ་ཐོབ་རྒྱུའི་ལམ་སྟོན་གནང་བ་དང་ཆབས་ཅིག་རང་ཉིད་ལ་དཀའ་ངལ་སྤྲོད་མཁན་གྱི་མི་དེར་ཁོང་ཁྲོ་ལངས་པ་ཡིན་ན། དེས་སོ་སོ་སེམས་མ་སྐྱིད་པ་བཟོ་མཁན་གྱི་རྒྱུ་ཆག་གི་ཡོད་སྟབས། ཁོང་ཁྲོ་བྱེད་སའི་ཡུལ་དེ་མེད་པར་འགྱུར་བའི་བློ་དེ་རང་རྒྱུད་ལ་སྐྱེད་པ་བྱས་ན། རང་བཞིན་གྱིས་སེམས་སྐྱིད་པ་ཡོང་རྒྱུ་ཡིན་སྐོར་བཀའ་གནང་སྟེ། མི་སོ་སོའི་ཉིན་རེའི་འཚོ་བའི་ནང་ཉོན་མོང་སྡུག་གསུམ་སྤོང་ཐབས་ཀྱི་སྒོམ་གྲུབ་ཉམས་ལེན་བྱས་ཚེ་འགྲོ་བ་མིའི་རིགས་ཀྱི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་ཐོགས་དགེ་མཚན་ཆེན་པོ་ཡོད་པ་མ་ཟད། མིའི་སེམས་ཀྱི་སྡུག་བསྔལ་ཞི་ཐབས་སུ་ཆང་རག་དང་སྨན་རྫས་འདྲ་མིན་ཐོག་རྟེན་མི་དགོས་པ་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་ABC གསར་ལམ་གྱི་གསར་འགོད་པ་Dan Harris གྱི་ལས་རིམ་ཐོག་བཀའ་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎