༸གོང་ས་མཆོག་ནས་ནིའུ་ཡོརྐ་ཏུ་གསར་འགོད་ལྷན་ཚོགས།

༸གོང་ས་མཆོག་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ཏུ་བཀའ་ཆོས་དབུ་བཙུགས་མ་གནང་གོང་གསར་འགོད་ལྷན་ཚོགས་གནང་ཡོད་པ།

2010.05.21

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཕུར་བུའི་ཉིན། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་གསུང་ཆོས་གཙོ་བོ་འགྱུར་བའི་ཉིན་གྲངས་བཞིའི་མཛད་རིམ་དབུ་འཛུགས་གནང་ཡོད་ཅིང་། གསུང་ཆོས་དབུ་བཙུགས་མ་གནང་གོང་གསར་འགོད་ལྷན་ཚོགས་ཤིག་གནང་བའི་ནང་། རྒྱ་ནག་གིས་དྲག་གནོན་ཇི་ཙམ་བྱས་ཀྱང་དེ་ཙམ་གྱི་བོད་མི་རྣམས་ཀྱི་ངར་ཤུགས་ཆེ་རུ་འགྲོ་རྒྱུ་དང་། རྒྱ་ནག་གི་གུང་བྲན་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་བོད་ཀྱི་རིག་གཞུང་ཐོག་འཇིགས་སྣང་དང་རྒྱུ་མཚན་མེད་པའི་དོགས་པ་བྱེད་བཞིན་ཡོད་པའི་སྐོར་བཀའ་བསྩལ་གནང་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་དོན་གཙོ་བོ་ནི། བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གཞུང་འདིར། རྒྱ་ནག་གུང་བྲན་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་འཇིགས་སྣང་དང་རྒྱ་ནག་ནང་ཁ་བྲལ་གཏང་རྒྱུའི་རྒྱུ་རྐྱེན་ལྟ་བུར་ངོས་འཛིན་བྱས་ཏེ་ལོག་པར་རྟོག་བཞིན་ཡོད་པའི་སྐོར་བཀའ་བསྩལ་གནང་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎