༸གོང་ས་མཆོག་ནས་ཞི་བདེའི་ལྷན་ཚོཊ་ཐོག་ཆིབས་བསྒྱུར།
2009.09.28
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས།རེས་གཟའ་ཉི་མའི་སྔ་དྲོ་ཕྱི་ལོ་ཉིས་སྟོང་དགུ་ལོའི་ལྦན་ཁུ་ལྦར་ཞི་བདེའི་ཆེས་མཐོའི་ལྷན་ཚོགས་ཞེས།ནོར་ལྦེལ་ཞི་བདེའི་དེད་དཔོན་གྱི་ལྷན་འཛོམས་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ།ཞི་བདེ་དང་སྙིང་རྗེའི་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་ཅིང།༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས།འཛམ་གླིང་ནང་བྱམས་སྙིང་རྗེ་སྐུལ་སྤེལ་གཏང་རྒྱུ་དང་བེུད་ཚོས་སྤྱི་ཚོགས་བྱམས་རྩེ་དང་ལྡན་པ་ཡོང་ཆེད།འགན་འཁུར་རྐང་འཛིན་ཐོག་འགོ་ཁྲིད་ཐུབ་པ་དགོས་རྒྱུར་སྐུལ་སྤེལ་བྱ་དགོས་པ་བཀའ་བསྩལ་ཡོད་པ་རེད།
༧གོང་ས་མཆོག་ནས་ཞལ་ཤོབ་དང་སྦྲགས་མི་ཁག་ཅིག་གིས་ངོས་རང་བེུད་ཀྱི་ཐོབ་ཐང་རྩོད་ལེན་པ་ཞིག་རེད་ཅེས་ཤོད་སྲིད་ཅེས་དང་།ཡིན་ན་ཡང་ང་ཚོས་འགྲོ་བ་མིའི་བྱམས་སྙིང་རྗེ་དང་བརྩེ་སེམས་ཀྱི་རིན་ཐང་ལ་གུས་ཞབས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་རེད།དེ་ལྟར་བྱུང་ཚེ་བེུད་ཀྱི་ཐོབ་ཐང་རྩོད་མཁན་ཚོས་ཀྱང་དེ་མིན་གྱི་སྡུག་བསྔལ་མྱོང་མཁན་གྱི་གནད་དོན་ཐོག་ཚོར་བ་སྤྱང་པའི་རང་བཞིན་སླེབས་ཀྱི་རེད་ཅེས་བཀའ་བསྩལ་གནང་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ནང་དངོས་གནས་འགྱུར་ལྡོག་གཏང་རྒྱུར།ཐོག་མར་མི་སྒེར་དང་དེ་བཞིན་རང་གི་ཁྱིམ་ཚང་དེ་རྗེས་སྤྱི་ཚོགས་བཅས་ནས་འགོ་འཛུགས་དགོས་པ་དེ།གལ་གནད་ཆེན་པོ་ཡིན་པ་བཀའ་བསྩལ་གནང་མཛད་ཡོད་པ་རེད།ཞི་བདེའི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་རིང་།ཞི་བདེའི་དེད་དཔོན་རྣམ་པ་ཚོའི་དབར་ཞི་བདེ་དང་།བྱམས་སྙིང་རྗེའི་དེ་མིན་གྱི་ཤེས་ཡོན་དང་།དེང་དུས་ཀྱི་ཚན་རིག་འཛམ་གླིང་ནང་ཞི་བདེ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་ཕན་ཚུན་དགོངས་ཚུལ་སྤེལ་རེས་གནང་ཡོད་པ་རེད།།