༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།

༧གོང་ས་མཆོག་གིས་ཕྱི་ཟླ་༡ཚེས་༣ནས་དབུ་འཛུཌ་ཐོག་རྒྱ་གར་གྱི་པཊ་ཎ་གྲོང་ཁྱེར་དང་། ཝ་ར་ཎ་སི། མོན་གྷོ། མུམ་བཡ། ཇཡ་པུར། བཅས་སུ་བསྐྱངས་པའི་མཛད་འཕྲིན་ཁག་གྲུབ་ནས་བཞུཌ་སྒར་དུ་ཞབས་སོར་འཁོད་འདུག

2013.01.25

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ལོ་གསར་པའི་མཛད་འཕྲིན་ཐོག་མ་དེ་ནི།    ཕྱི་ཟླ་༡ཚེས་༣ཉིན་ བི་ཧར་མངའ་སྡེའི་སྐུ་མགྲོན་ཐོག་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་ཡོད་ཅིང་།  དེ་རྗེས་ཕྱི་ཚེས་༦ནས་༡༢བར་གནས་མཆོག་ཝཱ་རཱ་ཎ་སཱིར་སྤྱོད་འཇུག་གི་ཆོས་འབྲེལ་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད།   དེ་ནས་ཕྱི་ཚེས་༡༧ནས་དུས་ཡུན་བཞུགས་ཞག་དྲུག་རིང་༧གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་སེམས་དང་སྲོག་གི་བགྲོ་གླེང་ཐེངས་༢༦པའི་ཐོག་དབུ་བཞུགས་ཀྱིས་བགྲོ་གླེང་མཛད་ཡོད་པ་དང་།  ཕྱི་ཚེས་༢༣ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་ཚོང་འབྲེལ་གྲོང་ཁྱེར་མུམ་བཡ་ནང་རྟེན་གཞི་བྱས་པའི་སེན་ཛེ་ཝིར་ཞེས་པའི་ཡི་ཤུའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བཀའ་སློབ་དང་།  ཕྱི ཚེས་༢༤ཉིན་རྒྱ་གར་རཱ་ཇེ་སྠན་མངའ་སྡེའི་གྲོང་ཁྱེར་ཇཡ་པུར་ནང་རྩོམ་རིག་སྒྱུ་རྩལ་གྱི་དུས་སྟོན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ་ བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད།    ༧གོང་ས་མཆོག་ནས་ཟླ་བ་འདིའི་ནང་བསྐྱངས་པའི་ཉིན་གྲངས་༢༣ཙམ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ཟླ་༡ཚེས་༢༥ཉིན་ཇཡ་པུར་ནས་ཕེབས་ཐོན་གྱིས་སྔ་དྲོའི་ཚོུད་༩པ་ཙམ་ལ་ག་གལ་གནམ་ཐང་དུ་༧ཞབས་སོར་འཁོད་ཡོད་པ་རེད།    སྐབས་དེར་ སྲིད་སྐྱོང་མཆོག་གིས་དབུས་བདེ་སྲུང་བཀའ་བློན་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་ཞུས་གནང་འདུག   དེ་རྗེས་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་སྐབས་ གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་དུ་མཇལ་དར་ཐོགས་ཏེཕེབས་བསུ་གཟབ་རྒྱས་ངང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎