བཙན་གཡེམ་དང་འཚེ་བའི་དཀའ་ངལ་ཐད་བཀའ་བསྡུར་གནང་རྒྱུ།


2014.09.16
༧གོང་ས་མཆོག ༧གོང་ས་མཆོག།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

2014-09-16

༧གོང་ས་མཆོག་གིས་དབུ་ཁྲིད་པའི་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐེངས་དང་པོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་རྒྱུ་ཡིན་པ་རེད།
དེ་ཡང་ད་རེས་གཟའ་མཇུག་ཏུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་དེའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་རྒྱ་གར་ནང་དུ་བེུད་ལ་བཙན་གཡེམ་གཏོང་བའི་དཀའ་ངལ་དང་སྤྱི་ཚོགས་ནང་འཚེ་བའི་བྱ་སྤྱོད་ཇེ་ཆེར་འགྲོ་བའི་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་དུ་བེུད་དང་ཕྲུ་གུའི་ཐོག་ལ་འཚེ་བ་བྱེད་པ་དང། དེ་བཞིན་དུ་སྤྱི་ཚོགས་ནང་གི་དྲག་ཟིང་གི་འཚེ་བའི་ལས་བྱེད་པའི་གནས་སྟངས་དེ་རིགས་སེལ་ཐབས་གནང་རྒྱུ་གལ་ཆེར་གཟིགས་ཏེ་ལྷན་ཚོགས་དེ་གོ་སྒྲིག་གནང་བ་ཡིན་ཞིང། དགེ་ལེགས་རྣམ་རྒྱལ་ལགས་ཀྱིས་ཕེ་རན་སི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ནས་སྤྱིར་རྒྱ་གར་ནང་གི་འཚེ་བའི་བྱ་སྤྱོད་དང། ཡང་དགོས་ཁོར་ཡུག་ཉམས་ཆགས་དང་སྤྱི་ཚོགས་ནང་གི་དབུལ་པོའི་དཀའ་ངལ་ཐོག་ལ་ཧ་ཅང་གི་ཐུགས་འཚབ་གནང་ཡོད་ལ། ད་རེས་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་ལྷན་ཚོགས་དེ་ནི་སྤྱི་ནོར་༧གོང་ས་མཆོག་ནས་ལྷན་ཚོགས་དེ་ལྟ་བུ་གོ་སྒྲིག་གནང་བ་ཐེངས་དང་པོ་ཡིན་པ་དང། ལྷན་ཚོགས་དེ་ནི་རྒྱ་གར་སྤྱི་ཚོགས་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བའི་སྐབས་དང་ལྷག་པར་དུ་རྒྱ་གར་ནང་གི་ཧིན་རྡུ་བ་དང་ཁ་ཆེའི་དབར་གྱི་དཀའ་ངལ་ཇེ་ཆེར་འགྲོ་བའི་དུས་སྐབས་དེར་འཁེལ་བ་མ་ཟད། ལྷན་ཚོགས་དེར་མཉམ་ཞུགས་གནང་མཁན་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ཚོས། རྒྱ་གར་ནང་དུ་བེུད་དང་ཕྲུ་གུའི་ཐོག་ལ་འཚེ་བའི་ལས་བྱེད་པ་དང་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་ཁ་ཞེ་གཉིས་མེད་ཀྱི་སེལ་ཐབས་ཀྱི་ཐབས་ལམ་འཚོལ་གྲུབ་འབད་བརྩོན་བྱ་རྒྱུའི་ཁར་དཀའ་ངལ་འཕྲད་པའི་མི་དམངས་ལ་མཉམ་རུབ་ཀྱིས་རོགས་རམ་བྱ་ཐབས་འབད་བརྩོན་བྱ་རྒྱུ་ཡིན་ཞིང། སྤྱི་ནོར་༧གོང་ས་མཆོག་ནས་རྒྱ་གར་ནང་གི་འཚེ་བའི་དཀའ་ངལ་དེ་དག་སེལ་ཐབས་ཐད། ༧གོང་ས་མཆོག་གི་དབུས་པའི་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ཚོར་དམིགས་བསལ་རང་འཁྲིའི་འགན་འཁྲི་ཡོད་པ་གཟིགས་ཏེ་ལྷན་ཚོགས་དེ་བཞིན་སྐོང་ཚོགས་གནང་རྒྱུའི་ཐག་གཅོད་མཛད་པའི་སྐོར་དང། ལྷན་ཚོགས་དེའི་ཐོག་རྒྱ་གར་ནང་གི་ཧིན་རྡུ་དང་ཁ་ཆེ། ཡེ་ཤུ། ཇུ་བྷེ་ཤི་སོགས་ཀྱི་ཆོས་ལུགས་རེས་མེད་ཀྱི་དབུ་ཁྲིད་གདན་ཞུ་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2014-09-15

༧གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་རྒྱུ་ཡིན་པ་རེད།
འདི་ཚེས་༡༥རེས་གཟའ་ཟླ་བའི་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལྷན་ཚོགས་A Meeting of Diverse Spiritual Traditions in Indiaཞེས་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་སུ་ཆིབས་ཐོན་གནང་ཡོད་པ་དང་། འདི་ཚེས་༢༠དང་༢༡ བཅས་ལ་ལྡི་ལིར་རྟེན་གཞི་བྱས་པའི་ཧེ་ཡ་རི་ཇོན་སིན་ཞེས་པའི་གསོལ་མགྲོན་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཆེད་དུ་རྒྱ་གར་རྒྱལ་ཡོངས་མངའ་སྡེ་འདྲ་མིན་༢༤ལྷག་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་དང་མཁས་པའི་མི་སྣ་སོགས་ཀྱིས་ལྷན་ཚོགས་གནང་འཆར་ཡོད་པ་རེད། སྤྱིར་རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་ནང་ཆེས་ཕུལ་དུ་བྱུང་བའི་སྤྱི་ཚོགས་དཔལ་ཡོན་གྱི་འབྱུང་ཁུངས་ཤིག་དང་། ལྟ་གྲུབ་ཐོག་ནས་བརྗོད་ན། རྒྱ་གར་འཕགས་པའི་ཡུལ་དུ་གྲངས་ཅན་པ་(Sankhya)དང་བྱེ་བྲག་པ་(Vaishasika)རིག་པ་ཅན་པ་(Nyaya) བཅས་དུས་སྔ་མོ་ནས་དར་བ་དང་། ཕྱིས་སུ་དཔྱོད་པ་བ་(Mimamsa)ནང་པ་སངས་རྒྱས་པ་(Bodh) གཅེར་བུ་བ་(Jain) རྒྱང་འཕེན་པ་(Charvaka) སོགས་བྱུང་ནས་ཕྱི་ནང་གི་གྲུབ་མཐའ་ཕན་ཚུན་རྩོད་པ་རྒྱ་ཆེན་པོ་གནང་བར་བརྟེན། གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་ཚུལ་ཐོག་ཡར་རྒྱས་ཚད་མཐོན་པོར་སོན་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་གྲགས་ཅན་རིག་བྱེད་པ་དང་། (Vedic)དབང་ཕྱུག་པ་(Shaiva) ཁྱབ་འཇུག་པ་(Vaishnava) རྒྱལ་བ་པ། (Jain) ནང་པ་སངས་རྒྱས་པ་(Buddhist) སོགས་དང་། གཞན་ཡང་ཀ་བྷིར་ (Kabir) དང་སིཀ་(Sikh) ཆོས་ལུགས་སོགས་རྒྱ་གར་ནང་བྱུང་བ་མ་ཟད། ཡི་ཤུ་དང་ཁ་ཆེ། ཛོ་ར་ཛུ་དིན། ཇིའུ། བྷ་ཧའི་སོགས་ཕྱི་ནས་རིམ་བཞིན་རྒྱ་གར་ནང་དར་འཕེལ་གང་ལེགས་བྱུང་ཡོད། ལྷན་ཚོགས་སྐབས་གོ་བསྡུར་གནང་རྒྱུའི་བརྗོད་གཞི་རྣམས་ནི། མང་ཚོགས་ཁྲོད་གཞི་རྩའི་འགྲོ་བ་མིའི་རིན་ཐང་བྱམས་པ་དང་། བརྩེ་བ། བཟོད་བསྲན། རང་ཁྲིམས་སྲུང་རྒྱུ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་དང་། དེང་སྐབས་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་འཛམ་གླིང་གི་དངོས་ཡོད་གནས་སྟངས་འོག་དཀའ་ངལ་རྣམས་འཚེ་བའི་ལམ་ནས་མིན་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཧ་ཅང་གལ་ཆེ་ཡིན་སྐོར་གོ་རྟོགས་སྤེལ་རྒྱུ། དབུལ་ཕྱུག་དབར་གྱི་ཁྱད་པར་ལ་བརྟེན་ནས་འཚེ་བ་དང་དྲང་བདེན་མིན་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན་དབུལ་ཕྱུག་གི་ཁྱད་པར་མེད་པ་བཟོ་རྒྱུ་སོགས་ཡིན་འདུག འདི་ཟླའི་ཚེས༡༧ནས་༡༩བར་ཉིན་གྲངས་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་གནང་གི་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎