རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློའི་འཁྱེར་སོར་ཞན་ཆ་འདུག


2017.03.06
༧གོང་ས་མཆོག་ལ་བཀའ་འདྲི་གནང་བཞིན་པ། ༢༠༡༧ ༧གོང་ས་མཆོག་ལ་བཀའ་འདྲི་གནང་བཞིན་པ། ༢༠༡༧
Last Week Tonigh/Youtube

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྟ་བ་མཁྲེགས་བཟུང་གི་ལངས་ཕྱོགས་བཟུང་མཁན་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློའི་འཁྱེར་སོར་ཞན་ཆ་ཞིག་ཡོད་པ་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་HBOབརྙན་འཕྲིན་དགོད་བྲོའི་ལས་རིམ་མདོ་འཛིན་པ་སྐུ་ཞབས་(John Oliver)བདུན་ཕྲག་སྔོན་མའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་སྐོར་སོགས་བཀའ་འདྲི་འདྲ་མིན་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཅིག་བྱས་ན་ད་རེས་ཀྱི་ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་སྲིད་ཀྱི་རེད། དེ་ལྟར་ཡོང་སྲིད་པ་རེད། གལ་ཏེ་ང་ཏཱ་ལའི་བླ་མ་མཐའ་མ་དེ་ཆགས་པ་ཡིན་ན་ཧ་ཅང་གི་དགའ་པོ་ཡོད་ཅེས་བཀའ་ལན་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་སེལ་རྒྱུར་འབད་བརྩོན་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དུས་རྟག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་དེ་ལྟར་བརྗོད་དགོས་དོན་ལ་སོགས་པའི་གནད་དོན་ཞིག་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཆགས་ཀྱི་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཚོར་བ་རྣོ་པོའི་སྒོ་ནས་ཐེ་བྱུས་བྱེད་བཞིན་ཡོད་པ་རེད་ལ་དེ་ཡང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཕེབས་དགོས་ཀྱི་རེད་ལ་ཡང་སྲིད་དེ་ཡང་རྒྱ་ནག་གཞུང་གིས་ངོས་ལེན་ཐུབ་པའི་ཡང་སྲིད་ཅིག་དགོས་ཀྱི་རེད་ཅེས་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།
༧གོང་ས་མཆོག་ལ་བཀའ་འདྲི་ཞུས་བའི་ལས་རིམ་ཆ་ཚང་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎