འཛམ་གླིང་ཞི་བདེ་བསྐྲུན་པར་ཕན་ཚུན་བར་གྱི་དོཊ་པ་སེལ་དགོས།
2017.05.25
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་ན། ཕན་ཚུན་བར་དོགས་པ་སེལ་རྒྱུ་དང་། དེའི་ལག་ཆ་མཆོག་ཏུ་གྱུར་བ་ནི་མཛའ་བརྩེའི་འབྲེལ་ལམ་བཟོ་རྒྱུ་དེ་ཡིན་པ་གསུངས་འདུག
དེ་ཡང་ཕྱི་ཚེས་ ༢༤ ཉིན། རྒྱ་གར་གྱི་རྒྱལ་སར་རྒྱ་གར་གྱི་གསར་ལས་ཁང་གྲགས་ཅན་Indian Express ཡིས་གོ་སྒྲིག་བྱས་པའི་ཤེས་ལྡན་མི་སྣ་དང་མཁས་པའི་བགྲོ་གླེང་གི་དམིཊ་བསལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་གནང་སྐབས་བཀའ་སློབ་གནང་དོན། ང་ཚོ་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན། བྱམས་བརྩེའི་འདུ་ཤེས་ཐོག་ནས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱ་རྒྱུ་དེས་སྤྱི་ཚོགས་ནང་འཆམ་མཐུན་བསྐྲུན་བཞིན་ཡོད། ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་སྟབས། དེར་བཟང་ཕྱོགས་ཀྱི་རེ་བ་བཅོལ་ས་ཞིག་འདུག ད་ལྟ་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཞིག་བྱུང་བཞིན་ཡོད། དུས་རབས་༢༠བའི་སྟོད་ལ་རྒྱལ་ཁབ་ཅིག་གིས་གཞན་དུ་དམག་འདྲེན་སྐབས་མང་ཚོགས་ཀྱིས་དེར་རྒྱབ་སྐྱོར་བྱེད་སྲོལ་ཡོད་མོད། དུས་རབས་༢༠ བའི་མཇུག་ཏུ་གནས་སྟངས་དེར་འགྱུར་བ་ཕྱིན་ཏེ། དཔེར་ན་ཨ་རིས་ཝི་ཏི་ནམ་ Vietnam ལ་དམག་རྒྱག་སྐབས། ཨ་རིའི་མི་མང་པོས་ངོ་རྒོལ་བྱས་ཡོད། དེ་མ་ཟད་ཨི་རག་Iraq ལ་དམག་རྒྱག་སྐབས་འཛམ་གླིང་ཡོངས་ནས་མི་མང་ས་ཡ་མང་པོས་ངོ་རྒོལ་བྱས་ཡོད་ཅེས་དང་། ཡང་༧གོང་ས་མཆོག་གིས། ངོས་ཀྱིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད། སྤྱི་པའི་ཆེད་དུ་སྒེར་གྱི་ཁེ་ཕན་བློས་གཏོང་གི་ཡོད་པ་རེད། སྒྲིག་ཁོངས་སུ་ཡོད་པའི་རྒྱལ་ཁབ་དེ་དག་བར་ལོ་རྒྱུས་ཁྲོད་དམག་འཁྲུག་བྱུང་མྱོང་ཡོད། འོན་ཀྱང་ད་ལྟ་སྒྲིག་འཛུགས་གཅིག་གི་འོག་འཆམ་མཐུན་ངང་གནས་བཞིན་ཡོད། འདི་ནི་མིའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་དང་། ཡང་འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་ན། ཕན་ཚུན་བར་དོགས་པ་སེལ་དགོས་ཤིང་། དེའི་ལག་ཆ་མཆོག་ཏུ་གྱུར་བ་ནི་མཛའ་བརྩེའི་འབྲེལ་ལམ་བཟོ་རྒྱུ་དེ་ཡིན་ཞེས་དང་།
ཡང་། ང་ཚོ་འདིར་ལྷོད་ལྷོད་ངང་བསྡད་ཡོད་ཀྱང་། འཛམ་གླིང་ཡུལ་གྲུ་གཞན་ནང་ད་ལྟ་གསོད་རེས་བྱེད་བཞིན་ཡོད། འགའ་ཤས་ཀྱིས་ཆོས་ལུཊ་ཀྱི་མིང་ཁ་ལ་ཁྱེར་ནས་མི་གསོད་ཁྲག་སྦྱོར་གྱི་ལས་ལ་འཇུག་བཞིན་ཡོད། དམག་འཁྲུག་སྐབས་བྱིས་པ་ཉེས་མེད་དག་འཆི་སྐྱོན་སོཊ་ཀྱི་དཀའ་ངལ་བྱུང་བཞིན་ཡོད་པས། དེ་དག་ང་ཚོས་དེ་མུར་འཇོག་ཐབས་རྩ་བ་ནས་མེད། མདོ་དོན་འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་ན། ཕན་ཚུན་བར་དོགས་པ་སེལ་རྒྱུ་དང་། དེའི་ལག་ཆ་མཆོག་ཏུ་གྱུར་བ་ནི་མཛའ་བརྩེའི་འབྲེལ་ལམ་བཟོ་རྒྱུ་དེ་ཡིན་ཅེས་སོགས་བཀའ་སློབ་བསྩལ་གནང་འདུག
གཞན་ཡང་༧གོང་ས་མཆོག་གིས་མཛད་སྒོ་དེའི་ཐོག་ཏུ་ བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ཐོབ་ཐང་དང་དགེ་བཤེས་མའི་ལམ་སྲོལ་སྐོར། དེ་བཞིན་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུཊ་གསར་གཏོད་མཛད་པའི་སྐོར་དང་༧གོང་ས་མཆོག་གང་ཉིད་ཀྱི་ཡང་སྲིད་ཀྱི་སྐོར། བོད་ཀྱི་ཁོར་ཡུག དང་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པའི་སྐོར་སོགས་ཀྱང་གསུངས་གནང་འདུག
གསར་འགོད་པ་རྡོ་རྗེ་འཚོ།