༸གོང་ས་མཆོག་དང་ཨན་དྲ་པྲ་དེཤ་བློན་ཆེན་བར་མཇལ་འཕྲད།

༸གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧའི་དྲ་སྦད་ཡར་རྒྱས་གོང་འཕེལ་ཕྱིན་པར་བསྔགས་བརྗོད་གནང་ཡོད་པ།

2009.12.19

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་ལྟར།དེ་རིང་ལྷོ་ཕྱོགས་གྲོང་ཁྱེར་ཧའི་དྲ་སྦད་ནང་ཨན་དྲ་པྲ་དེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀེ་རོ་སའི་ཨཧ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་མཇལ་འཕྲད་གནང་སྐབས། ༧གོང་ས་མཆོག་གིས་གྲོང་ཁྱེར་ཧའི་དྲ་སྦད་དེ་སྔོན་ཉིས་སྟོང་དྲུག་ལོར་ཕེབས་པའི་སྐབས་ལས་ད་ལྟ་ཡར་རྒྱས་གོང་འཕེལ་ཆེ་རུ་ཕྱིན་ཡོད་པའི་སྐོར་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛུགས་སྐྲུན་ཡར་རྒྱས་ཀྱི་གཞི་རྩ་ཤེས་ཡོན་ཡིན་སྐོར་བཀའ་གནང་སྟེ། ཨན་དྲ་པྲ་དེཤ་མངའ་སྡེའི་ནང་གི་སོ་ནམ་ཞིང་ལས་དང་བཟོ་ལས་ཡར་རྒྱས།དེ་བཞིན་མངའ་སྡེ་མང་ཚོགས་ཀྱི་ཤེས་ཡོན་ཆུ་ཚད་སྐོར་སྤྱི་ཁྱབ་བློན་ཆེན་ལ་བཀའ་འདྲི་གནང་འདུག་པས།སྤྱི་ཁྱབ་བློན་ཆེན་གྱིས་མངའ་སྡེ་གཞུང་ནས་ཤེས་རིག་དང་འབྲེལ་བའི་ལས་དོན་ཁག་ཨང་དང་པོར་རྩིས་གནང་སྟེ།འདས་པའི་ལོ་ལྔ་དང་ཕྱེད་ཀའི་ནང་ཆེས་མཐོའི་གཙུག་ལག་སློབ་གྲྭ་བཅུ་བདུན་གསར་འཛུགས་གནང་ཡོད་པ་དང༌།མངའ་སྡེའི་ནང་ཡིག་རྨོང་སེལ་བའི་མང་ཚོགས་ཀྱི་གྲངས་འབོར་དེ་བརྒྱ་ཆ་དྲུག་བཅུ་ལྷག་ཡིན་པ་མ་ཟད།གཞུང་ཕྱོགས་ནས་ད་དུང་མང་ཚོགས་ཀྱི་ཤེས་ཡོན་ཆུ་ཚད་གོང་མཐོར་གཏང་རྒྱུའི་སྐུལ་སྤེལ་གནང་བཞིན་ཡོད་པའི་སྐོར་༧གོང་ས་མཆོག་ལ་སྙན་སེང་ཞུས་གནང་འདུག
ལྷོ་ཕྱོགས་གྲོང་ཁྱེར་ཧའི་དྲ་སྦད་དེ་བཞིན་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌།གྲོང་ཁྱེར་དེའི་ནང་རྒྱལ་སྤྱིའི་ཚན་རིག་བརྟག་དཔྱད་ཁང་དང་སྨན་རྫས་བཟོ་གྲྭ་མང་པོ་ཡོད་པ་མ་ཟད།གནས་འཕྲིན་འབྲེལ་མཐུད་ཀྱི་འཕྲུལ་རིག་ལག་རྩལ་གྱི་ཚད་གཞི་ཡང་ཧ་ཅང་མཐོ་པོ་ཡོད་པ་རེད།མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ལྷན་དུ་ཡོད་པའི་མངའ་སྡེ་གཞུང་གི་དཔོན་རིགས་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མངའ་སྡེའི་བཟོ་ལས་སྡེ་མཚན་དང༌།ཤེས་རིག
བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་དང༌།ཞིང་ཆུ་འདྲེན་གཏོང་གི་ལས་གཞི་ཁག་ལ་ཡར་རྒྱས་ཇི་ཙམ་བྱུང་ཡོད་མེད་སྐོར་གནས་ལུགས་འགྲེལ་བཤད་ཞུས་འདུག།
༧གོང་ས་མཆོག་གྲོང་ཁྱེར་ཧའི་དྲ་སྦད་བརྒྱུད་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གུལ་སྦར་གྰས་གནས་སུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད།།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎