རང་བྱུང་འབྱུང་བའི་གོད་ཆགས་ལ་གདོང་ལེན་གྲ་སྒྲིག་དགོས།


2017.03.31
༧གོང་ས་མཆོག་གིས་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཁང་གི་རྒྱ་གར་གྱི་ལས་བྱེད་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ༢༠༡༧།༣།༢༩ ༧གོང་ས་མཆོག་གིས་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཁང་གི་རྒྱ་གར་གྱི་ལས་བྱེད་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ༢༠༡༧།༣།༢༩
tibet.net

༧གོང་ས་མཆོག་གིས་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཁང་གི་རྒྱ་གར་གྱི་ལས་བྱེད་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༩་རེས་གཟའ་ལྷག་པའི་ཉིན་རྡ་རམ་ས་ལའི་གྲོང་སྡེ་ལྷན་ཁང་གི་རྒྱ་གར་གྱི་ལས་བྱེད་པ་ཚོར་མཇལ་ཁ་བསྩལ་གནང་མཛད་ཡོད་པ་དང་། གྲོང་སྡེ་ལྷན་ཁང་གི་འགན་འཛིན་རྣམ་པ་དང་ལྷན་དུ་དུས་ཡུན་ཕྱག་ཚོད་ཕྱེད་ཀ་ལྷག་ཙམ་རིང་གསུང་མོལ་གནང་བའི་སྐབས་སུ། རྡ་རམ་ས་ལའི་རྨང་གཞིའི་འཛུགས་སྐྲུན་དང་། འཕྲོད་བསྟེན་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། རང་བཞིན་འབྱུང་བའི་གོད་ཆགས་ལ་གདོང་ལེན་བྱ་ཕྱོགས་སོགས་ཀྱི་སྐོར་བཀའ་སློབ་ལམ་སྟོན་བཀྲིན་ཆེ་གནང་མཛད་འདུག
དེ་བཞིན་༧གོང་ས་མཆོག་གིས། རི་ཁུལ་གྲོང་ཁྱེར་རྡ་རམ་ས་ལའི་ནང་མང་ཚོགས་ཀྱི་རྨང་གཞིའི་གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་། དེ་བཞིན་ཁུལ་དེར་འཐུང་ཆུ་དཀོན་པོ་ཡོད་པའི་གནས་སྟངས། རང་བཞིན་འབྱུང་བའི་གོད་ཆགས་སྔོན་འགོག་གདོང་ལེན་འཆར་འགོད་བྱ་ཕྱོགས་སོགས་ཀྱི་སྐོར་ལ་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་ཡོད་ཅིང་། ས་ཡོམ་གྱི་ཉེན་ཁ་ཡང་སེ་ཡོད་པའི་རྡ་རམ་ས་ལར་ས་ཡོམ་གྱི་ཉེན་ཁ་འགོག་ཐབས་སུ། གྲོང་སྡེ་ལྷན་ཁང་གི་དཔོན་རིགས་ཚོས་ཉི་ཧོང་ཡུལ་གྱི་ཐབས་ཇུས་ནས་དཔེ་བླངས་ཏེ། ས་ཡོམ་གྱི་ཉེན་ཁར་དུས་ཡུན་རིང་པོ་གདོང་ལེན་བྱེད་ཐུབ་པའི་ཐབས་ཇུས་འཆར་འགོད་བྱེད་དགོས་སྐོར་བཀའ་གནང་འདུག
རྡ་རམ་ས་ལའི་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་ལྕམ་Rajni Vyas་དང་། སྤྱི་ཁྱབ་
གཞོན་པ་སྐུ་ཞབས་Devender Jaggi གཙོས་པའི་གྲོང་སྡེ་ལྷན་ཁང་གི་ལས་བྱེད་༡༧གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་གནང་བའི་རྗེས། རྡ་སའི་གྲོང་སྡེའི་སྤྱི་ཁྱབ་Rajni Vyas ཡིས་དགའ་འཚོར་ཆེན་པོའི་ངང་ནས་༧གོང་ས་མཆོག་གི་ཞལ་མཇལ་ཞུས་ཐུབ་པ་དེ་ནི་ཁོང་གི་མི་ཚེའི་ནང་གི་གོ་སྐབས་བཟང་ཤོས་དེ་ཡིན་པ་འགྲེལ་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎