༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ ལ་མཇལ་ཁ་སྩལ།

2025.03.26
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ ལ་མཇལ་ཁ་སྩལ། ༸གོང་ས་མཆོག་གིས་མི་མང་ལ་མཇལ་ཁ་གནང་བཞིན་པ། ༢༠༢༥།༠༣།༢༦
OHHDL

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་མི་དང་། འབྲུག་གི་མི་སེར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་ཁྱོན་ ༤༠༠ ལ་མཇལ་ཁ་སྩལ་གནང་མཛད་འདུག་ཅིང་། མཇལ་ཁ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ནས་མཇལ་བཅར་བ་ཁག་གཅིག་ལ་མགོན་པོ་མཆོག་གི་ཞལ་མཇལ་ཞུས་པའི་མྱོང་ཚོར་ཇི་བྱུང་བཀའ་འདྲི་ཞུས་པར། ཝེཌ་ནམ་གྱི་དགེ་འདུན་པ་ཐེར་པུ་ཏིན་ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་དེང་རབས་ཀྱི་སྟོན་པ་ཡིན་པ་དང་། ཁོང་རང་ཉིད་ནས་སེམས་ལ་ཞི་བདེ་ཡོང་བའི་ཆེད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ལམ་སྟོན་གྱི་རྗེས་སུ་འཇུག་གི་ཡོད་པ་མ་ཟད། མགོན་པོ་མཆོག་གིས་བཀའ་གནང་གནང་བ་རྣམས་ཉམས་ལེན་ཞུ་གི་ཡོད་པ་གསུངས་བྱུང་།

དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་སྤྱི་ཏི་ནས་ཡིན་པ་ཚེ་རིང་ལྷ་མོ་ལགས་ཀྱིས་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་མྱོང་མེད་པས་དེ་རིང་ཞལ་མཇལ་དངོས་སུ་ཐོབ་པ་ཐེངས་དང་པོ་ཡིན་པ་དང་། མགོན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་དང་སེམས་ཧ་ཅང་སྐྱིད་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

མ་ཟད་དགུང་ལོ་༨༥ ལ་སོན་པའི་རྒན་རབས་པ་ཀུན་དགའ་བློ་གྲོས་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་མཇལ་མྱོང་ཡོད་ཀྱང་ཇི་ཙམ་མཇལ་ཁ་བྱུང་བ་དེ་ཙམ་གྱི་སེམས་ནང་བདེ་སྐྱིད་ཐོབ་ཀྱི་ཡོད་སྐོར་དང་། ཤིམ་ལ་ནས་ཡིན་པ་ཚེ་བརྟན་མཚོ་མོ་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ནས་སེམས་ལ་བྱིན་རླབས་ཆེན་པོ་བྱུང་ཞིང་། སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཀྱི་འོད་ཟེར་ཁྱབ་པ་དང་། སྐུ་ཚེ་ཡུན་རིང་བཞུགས་པའི་རེ་སྨོན་ཡོད་པ་འགྲེལ་བརྗོད་གནང་སོང་།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གི་དད་ལྡན་པ་རྣམས་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་གྱི་ཡོད་པ་དང་། དེ་རིང་མགོན་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་དད་ལྡན་པ་ཁྱོན་མི་གྲངས་ ༤༠༠ ལྷག་ལ་མཇལ་ཁ་བཙལ་གནང་མཛད་ཡོད་པ་དང་དེའི་ཁྲོད་ཝེ་ནམ་ནས་དད་ལྡན་པ་ ༧༠ ལྷག་འདུག །

གསར་འགོད་པ། ལོ་ཡག་བཀྲིས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎