༧གོང་ས་མཆོག་གིས་ནང་ཆོས་ཀྱི་སྙིང་དོན་སྐོར་བཀའ་སློབ།

ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་ཀྱི་སྙིང་དོན་སྐོར་བཀའ་སློབ་སྩལ་གནང་མཛད་ཡོད་པ།

2012.01.05

༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཐང་ཆེན་དུ་ ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ ནང་ཆོས་ཀྱི་སྙིང་དོན་སྐོར་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་།།
ཁ་ས་ཚེས་ཚེས་ ༤ ཉིན་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ དུས་འཁོར་དབང་ཆེན་སྐབས་  ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོར་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་རེད་ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ སྐབས་འདིའི་དུས་འཁོར་དབང་ཆེན་དུ་ འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆོས་ཞུར་ཕེབས་པའི་ཁྲོད་ ཤི་རི་ལན་ཀ་དང་་ ཐའི་ལན་ཌི། ལའོ་སི་ དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་དེ་དག་ སྲོལ་རྒྱུན་ནས་ནང་པའི་རྒྱལ་ཁབ་ཆགས་ཡོད་ལ་ ཧིན་རྡུའི་ཆོས་དང་ལྷག་པར་ ནང་ཆོས་དེ་དག་སྲོལ་རྒྱུན་ནས་ ཨེ་ཤི་ཡའི་ཆོས་ལུགས་ཡིན་ནའང་ དེང་སྐབས་འཛམ་གླིང་ནང་མི་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་གསལ་འདོན་གནང་པ་དང་སྦྲགས་ ནང་ཆོས་ཀྱི་སྙིང་པོ་གཙོ་བོ་དེ་ ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པའི་སྐོར་ནན་བརྗོད་གནང་བཞག་  གོང་ས་མཆོག་གིས་གསུང་དོན་དུ་ འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ གཞི་རྩའི་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ འགྲོ་བ་མི་གཅིག་མཚུངས་ཆགས་ཡོད་ལ་ ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡང་གཅིག་མཚུངས་ཤིག་ཆགས་ཡོད་ དུས་རབས་ ༢༠ སྨད་ཆའི་ནང་ མི་ཚེ་བདེ་སྐྱིད་ལྡན་པ་ཟེར་བ་དེ་ གཙོ་ཆེ་ཤོས་ ནང་སེམས་ཀྱི་ཞི་བདེར་རག་ལས་ཡོད་པ་དང་ ཕྱི་དངོས་པོའི་མཐུན་རྐྱེན་གྱི་ཆ་ནས་ འབྱོར་བ་ཧ་ཅང་ཆེན་པོ་ཞིག་ཡིན་ནའང་ བསམ་བློའི་ནང་འཇིགས་སྣང་དང་དངངས་སྐྲག་ཡོད་པར་བརྟེན་ ཞེ་སྡང་དང་རེ་དོགས་ཀྱིས་གྲོགས་མེད་ཁྱེར་རྐྱང་དུ་ལུས་མཁན་དེ་རིགས་ཡོང་གི་ཡོད་པར་ནན་བརྗོད་གནང་འདུག་་ གོང་ས་མཆོག་གིས་བཀའ་སློབ་སྩལ་དོན་དུ་  ཕྱི་དངོས་པོ་དཔལ་འབྱོར་སོགས་ཀྱི་  སེམས་ནང་བདེ་བ་བསྐྲུན་རྒྱུའི་ཚབ་ཏུ་  སྡུག་བསྔལ་འཕར་མ་སྐྲུན་བཞིན་ཡོད་པ་དང་ ལྷག་པར་དུ་ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ རྣམ་དཔྱོད་ཀྱི་རྩལ་ལས་ སེམས་ཚོར་གྱི་རྣམ་གཞག་དེ་དག་མི་ཚེའི་ནང་བདེ་བ་སྒྲུབ་རྒྱུར་ ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ ཉམས་ཞིབ་ཐོག་ནས་རིམ་བཞིན་གསལ་རྟོགས་ཐུབ་ཡོད་ལ་ རྒྱུ་མཚན་དེ་དག་ལ་བརྟེན་ནས་  དེང་སྐབས་མི་མང་པོ་ཞིག་དང་ལྷག་པར་ཚན་རིག་པ་མང་པོས་ ནང་སེམས་དང་སེམས་ཚོར་གྱི་རྣམ་གཞག་ལ་  གཞི་ནས་དོ་སྣང་གསར་པ་ཞིག་བྱེད་འགོ་བཙུགས་ཡོད་པར་གསལ་འདོན་གནང་བཞག་  གོང་ས་མཆོག་གིས་བཀའ་སྩལ་དོན་དུ་  ཆོས་ལ་ཁས་ལེན་མིན་གྱི་ཁྱད་པར་ལ་མ་ལྟོད་པར་ ནང་ཆོས་ཀྱི་གཙོས་པའི་རྒྱ་གར་གྱི་ཆོས་ལུགས་ཀྱི་ལྟ་གྲུབ་ནས་ སེམས་ཀྱི་རྣམ་གཞག་སྐོར་སློབ་སྦྱོང་བྱ་རྒྱུ་ཡོད་ལ་ ནང་ཆོས་ནས་ཀྱང་དེ་དེ་བཞིན་ ནང་སེམས་རྒྱུད་དང་འབྲེལ་བའི་རྣམ་གཞག་སྐོར་ལས་  སྨོན་ལམ་རྒྱག་རྒྱུ་དང་འདོན་པ་འདོན་རྒྱུ་ཙམ་མིན་ ནང་ཆོས་ཀྱི་ལག་ལེན་ངོ་མ་དེ་ བློ་སྦྱོང་དེ་ཡིན་ཞེས་བཀའ་སློབ་སྩལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎