༸གོང་ས་མཆོག་ནས་རྒྱ་སྒོར་འབུམ་བཅུ་ཞལ་འདེབས།

༸གོང་ས་མཆོག་ནས་རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆགས་ཕོག་མཁན་ཚོར་རྒྱ་སྒོར་འབུམ་བཅུ་ཞལ་འདེབས་གནང་ཡོད་པ།

2011.10.01

༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་དགུ་པའི་ཚེས་༢༩ ཉིན་བསྩལ་གནང་བའི་ཐུགས་གསོའི་གསུང་འཕྲིན་ནང༌། ད་བར་དུ་ཨོ་རི་ས་ མངའ་སྡེའི་ནང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་པོ་བྱུང་བ་དེར་ཧ་ཅང་གི་བློ་ཕམ་བྱུང༌། ལྷག་པར་དུ་རང་འབྱུང་གནོད་འཚེ་དེ་རྐྱེན་པས། མངའ་སྡེ་དེའི་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང། རྒྱུ་ནོར་གྱོང་གུད། མི་དམངས་ས་ཡ་མང་པོ་གནོད་འཚེ་སྡུག་པོ་བྱུང་ཡོད་པ་དེར་བློ་ཕམ་བྱུང། ངོས་ནས་གནོད་འཚེ་དེའི་ནང་གོད་ཆགས་ཕོག་པའི་མི་དམངས་ཚོར་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཡོད། ངོས་ནས་གོད་ཆགས་ཕོག་པ་ཚོར་ངལ་སེལ་ཆེད་ཏྰ་ལའི་བླ་མའི་ཐེབས་རྩའི་མཚན་ཐོག་ནས་རྒྱ་གར་གྱི་སྒོར་མོ་འབུམ་༡༠ ཡི་རོགས་རམ་གྱི་ཞལ་འདེབས་ཕུལ་རྒྱུ་ཡོད་ཅེས་བཀོད་གནང་ཡོད་འདུག
ཨོ་རི་ས་ མངའ་སྡེ་གཞུང་གིས་གསུངས་ན། མངའ་སྡེའི་དེའི་རྫོང་ཁག་༣༠འི་ནང་ནས་རྫོང་ཁག་༢༠འི་ནང་ཆུ་ལོག་གི་གནོད་འཚེ་བྱུང་ཡོད་པ་མ་ཟད། མི་གྲངས་༤༠ རྐྱེན་ལམ་དུ་ཕྱིན་པ་དང༌། ལོ་ཏོག་དང་སྡོད་ཁྱིམ་གནོད་འཚེ་ཕྱིན་པ་ཁྱོན་རྒྱ་གར་གྱི་སྒོར་མོ་ས་ཡ་ཉིས་བརྒྱ་ལྷག་གི་གྱོང་གུད་བྱུང་ཡོད་པའི་སྐོར་གསུངས་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཨོ་རི་ས་ མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད་པའི་ནང༌ནས་། ཉེ་ཆར་༢༠༡༠ ལོར་བསྐྱར་དུ་ཆིབས་བསྒྱུར་བསྐྱང་སྟེ། ཆོས་འབྲེལ་དང་ནང་པའི་དགོན་པ་དབུ་འབྱེད་མཛད་པ་དང༌། ཨོ་རི་ས་ མངའ་སྡེ་དེའི་ནང་གི་ཕུན་ཚོགས་གླིང་ཞེས་པའི་བོད་པའི་གཞིས་ཆགས་ཤིག་ཡོད་པ་དེ་ནི། བཙན་བྱོལ་སྤྱི་ཚོགས་ནང་ནས་བོད་མི་ཕོན་ཆེ་གནས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་གྲས་ཤིག་ཡིན་པ་དང༌། དེའི་ནང་དུ་ཁྱོན་བོད་མི་བརྒྱ་ཕྲག་འགའ་ཤས་ཡོད་པ་རེད།།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎