༧གོང་ས་མཆོག་གིས་ཀེ་ན་ཊའི་སྲིད་བློན་གསར་བར་འཚམས་འཕྲིན།


2015.10.20
༧གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་སྐབས་ཐང་ཀ་ཞིག་ལ་མཚན་རྟགས་བཀོད་བཞིན་པ། ༢༠༡༥།༩།༢༡ ༧གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་སྐབས་ཐང་ཀ་ཞིག་ལ་མཚན་རྟགས་བཀོད་བཞིན་པ། ༢༠༡༥།༩།༢༡
Ian Cumming

སྐུ་ཞབས་Justin Trudeauམཆོག་ཀེ་ན་ཊའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཀེ་ན་ཌའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བ་སྐུ་ཞབས་Justin Trudeau ལ་རྒྱལ་ཡོངས་འོས་བསྡུའི་སྐབས་ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་བཀྲིས་བདེ་ལེགས་ཀྱི་གསུང་འཕྲིན་ཞིག་གནང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་འཚམས་འཕྲིན་དེའི་ནང་། འདས་པའི་ལོ་མང་གི་དུས་ཡུན་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀེ་ན་ཌའི་ནང་ལན་མང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དེ་དག་གི་སྐབས། ཀེ་ན་ཌའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོས་ནས་བརྩེ་སེམས་དང་གྲོགས་པོའི་རྣམ་འགྱུར་བསྟན་པ་དེར་ཐུགས་ཚོར་ཆེན་པོ་བྱུང་ཞེས་དང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༧༠འི་ནང་ནས་བཟུང་ཀེ་ན་ཌའི་ནང་བོད་མི་སྐྱབས་བཅོལ་བ་ཡུལ་དེའི་ནང་གནས་སྤོ་གནང་རྒྱུའི་རོགས་རམ་ཆེན་པོ་གནང་པའི་ལས་འཆར་ལ་ཆེད་དུ་བཀྲིན་དྲན་བཞིན་པ་ཡིན་ལ། བོད་མི་དེ་དག་གིས་ཀྱང་ཆེ་ཆུང་མ་ལྟོས་པར་ཀ་ན་ཌེའི་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད་ཅེས་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་ཀེ་ན་ཌའི་སྲིད་བློན་དུ་འོས་འདེམས་བྱུང་བ་སྐུ་ཞབས་Justin Tredeauལ་ད་རེས་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་ནི་ཁོང་གི་ཡབ་དམ་པ་དེ་སྔོན་ཀེ་ན་ཌའི་སྲིད་བློན་གནང་མྱོང་མཁན་ཁོང་ལ་སྤོབས་པ་འབྱིན་རྒྱུ་མ་ཟད། ཁོང་གི་ཞབས་རྗེས་སུ་འགྲོ་ཐུབ་པ་དང་ལས་དོན་ལམ་ལྷོངས་ཡོང་བའི་འཚམས་ཞུ་ཡོད་ཅེས་བཀའ་གནང་འདུག
ཀེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས་ད་ལྟའི་གཞུང་འཛིན་སྲིད་དོན་སྤྱི་མཐུན་ཚོགས་པར་ཕམ་ཉེས་བྱུང་ཞིང་། སྐུ་ཞབས་Justin Harperགྱི་གུ་ཡངས་ཚོགས་པར་ཀེ་ན་ཌའི་གྲོས་ཚོགས་ཀྱི་ནང་འཐུས་མི་གྲངས་༣༣༨ཡོད་པ་ནས་མང་མོས་ཐོབ་སྟེ་ཡུལ་དེའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎