༧གོང་ས་མཆོག་གི་མཚན་ཐོག་གི་ལྟེ་གནས་ཁང་གི་ཡན་ལག་འཛུཊ་རྒྱུ།


2016.03.03
༧གོང་ས་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་གི་ལས་བྱེད་ཚོར་བཀའ་སློབ་བསྩལ་སྐབས། ༢༠༡༦།༢།༢༩ ༧གོང་ས་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་གི་ལས་བྱེད་ཚོར་བཀའ་སློབ་བསྩལ་སྐབས། ༢༠༡༦།༢།༢༩
Photo: RFA

དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་(The Hindu)ཅེས་པའི་ཐོག་འདི་ཚེས་༣ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཏུ་ཡོད་པའི་བཟང་སྤྱོད་དང་འགྱུར་ལྡོག་གི་རིན་ཐང་ལྟེ་གནས་ཁང་གི་ཡན་ལག་ཅིག་རྒྱ་གར་ལྷོ་ཕྱོགས་(Telangana)མངའ་སྡེའི་རྒྱལ་ས་(Hyderabad) ནང་གསར་འཛུགས་གནང་རྒྱུ་ཡིན་འདུག  
ཨ་རིའི་མངའ་སྡེ་(Massachusetts)གྱི་གྲོང་ཁྱེར་(Cambridge)ནང་(Massachusetts)བཟོ་ལས་རིག་རྩལ་སློབ་གཉེར་ཁང་ཞེས་པའི་ཆེས་སྙན་གྲགས་ཅན་གྱི་གཙུག་ལག་སློབ་གྲ་ཞིག་ཡོད་པ་དེའི་ཁྱབ་ཁོངས་སུ། རྒྱ་གར་གྱི་མི་རིགས་ཡིན་པའི་ནང་པའི་དགེ་འདུན་པ་བསྟན་འཛིན་Priyadarshiniཞུ་བས་འཛིན་སྐྱོང་བྱེད་བཞིན་པའི་ཏཱ་ལའི་བླ་མའི་བཟང་སྤྱོད་དང་འགྱུར་ལྡོག་གི་རིན་ཐང་ལྟེ་གནས་ཁང་ཟེར་བ་ཞིག་ཡོད་པ་ལྟར། ལྟེ་གནས་ཁང་དེའི་འགན་འཛིན་བསྟན་འཛིན་Priyadarshiniཡིས་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་ Telanganaམངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་འཕྲིན་གཏོང་ལས་དོན་བློན་ཆེན་རྣམ་གཉིས་མཇལ་འཕྲད་ཀྱིས། མངའ་སྡེ་དེའི་ནང་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ལྟེ་གནས་ཁང་དེའི་ཡན་ལག་ཅིག་གསར་འཛུགས་བྱེད་རྒྱུའི་འདོད་ཚུལ་སྟོན་པར་དེར། མངའ་སྡེའི་འཕྲིན་གཏོང་ལས་དོན་བློན་ཆེན་KT Rama Raoཡིས། Telanganaམངའ་སྡེ་དེ་བཞིན་འཕགས་པ་ཀླུ་སྒྲུབ་དང་འབྲེལ་བ་ཡོད་པའི་ནང་པའི་གནས་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། དེར་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཡོད་པའི་ལྟེ་གནས་ཁང་ཞིག་གསར་འཛུགས་ཡོང་རྒྱུར་མངའ་སྡེའི་བློན་ཆེན་K Chandrasekharལྷན་དུ་བཀའ་བསྡུར་གནང་གི་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎