༸གོང་ས་མཆོག་ནས་སྔོན་འགྲོའི་གསུང་དབུ་འཛུགས་གནང་།
2012.01.04
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་སྔོན་འགྲོའི་ཆོས་འབྲེལ་དབུ་འཛུགས་སྐྱོང་གནང་མཛད་འདུག་
ཕྱི་ལོ་༢༠༡༢ཟླ་བ་༡ཚེས་༤ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་རྭ་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་ཕྱག་ཚོད་༡༢ཐོག་གསུང་ཆོས་ཞུ་བར་བཅར་བའི་ཆོས་ཞུ་བ་ཆིག་འབུམ་ལྔ་ཁྲི་བརྒལ་བར་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་སྟོད་པ་བཅས་སྔོན་འགྲོའི་གསུང་ཆོས་མ་སྩལ་གོང་ལེགས་སྦྱར་སྐད་སོགས་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད་པའི་གནས་ཚུལ་འདུག།