༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་བདེ་ལེགས་སྨན་ཁང་གི་གྲོགས་པོ་ཚོགས་པའི་ཚོགས་མི་གཙོས་པའི་དད་ལྡན་མི་མང་ ༣༠༠ ཙམ་ལ་མཇལ་ཁ་སྩལ།

2025.03.28
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་བདེ་ལེགས་སྨན་ཁང་གི་གྲོགས་པོ་ཚོགས་པའི་ཚོགས་མི་གཙོས་པའི་དད་ལྡན་མི་མང་ ༣༠༠ ཙམ་ལ་མཇལ་ཁ་སྩལ། ༸གོང་ས་མཆོག་གིས་མི་མང་ལ་མཇལ་ཁ་གནང་བཞིན་པ། ༢༠༢༥།༠༣།༢༨
OHHDL

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བདེ་ལེགས་སྨན་ཁང་ལ་མཐུན་འགྱུར་གནང་མཁན་ཇར་མན་བདེ་ལེགས་སྨན་ཁང་གི་གྲོགས་པོ་ཞེས་པའི་ཚོགས་མི་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༣༠༠ ལྷག་ལ་མཇལ་ཁ་སྩལ་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༨ རེས་གཟའ་པ་སངས་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཇར་མན་གནས་འཁོད་བདེ་ལེགས་སྨན་ཁང་གི་གྲོགས་པོ་ཞེས་པའི་ཚོགས་མི་བདུན་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༣༠༠ ཙམ་ལ་མཇལ་ཁ་རྩལ་གནང་མཛད་འདུག

མཇལ་བཅར་བའི་ཁྲོད་བཞུགས་སྒར་དུ་ཡོད་པའི་བདེ་ལེགས་སྨན་ཁང་ལ་མཐུན་འགྱུར་གནང་མཁན་གནང་མཁན་ཇར་མན་བདེ་ལེགས་སྨན་ཁང་གི་གྲོགས་པོ་ཞེས་པའི་ཚོགས་པའི་ཚོགས་མི་བདུན་ཕེབས་ཡོད་པ་ལས། ཚོགས་མི་ཧེ་ཀོ་(Heiko Storz) ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་དང་། ང་ཚོས་ཁོང་གི་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་བྱུང་། ང་ཚོའི་གྲོགས་པོ་ཞིག་ལོ་གཉིས་གོང་འདས་གྲོངས་སུ་གྱུར་བར་ཁོང་གི་ཆེད་བརྔོ་སྨོན་ཞུ་བར་འདི་རིང་ཆེད་མངགས་བཅར་བ་ཡིན། ཞེས་དང་། དེ་བཞིན་ཁོང་གིས་མུ་མཐུད་གསུངས་དོན་ལ། ཇར་མན་བདེ་ལེགས་སྨན་ཁང་གི་གྲོགས་པོ་ཚོགས་པའི་ངོས་ནས་བདེ་ལེགས་སྨན་ཁང་ལ་རྒྱབ་སྐྱོར་ཆེད་ཞལ་འདེབས་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། འདས་པའི་ལོ་ངོ་བདུན་བརྒྱད་ནས་བཟུང་ཚོགས་པ་དེས་བདེ་ལེགས་སྨན་ཁང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་གསལ་བཤད་གནང་བྱུང་།

བོད་དང་བལ་ཡུལ་ས་མཚམས་ནས་ཡིན་པ་གླེ་མི་ཕུར་བུ་རྡོ་རྗེ་ལགས་ཀྱིས་ས་ཐག་རིང་ཀྱང་མགོན་པོ་མཆོག་གི་མཇལ་ཁ་ཞུ་བར་ཆེད་མངགས་ཡོང་བ་ཞིག་ཡིན་པ་དང་། དེ་རིང་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་དང་ལྷན་དུ་མཚམས་པ་དང་། སྐྱ་སེར་མི་གྲངས་ ༣༥ ཙམ་ཕེབས་ཡོད་སྐོར་གསུངས། དེ་བཞིན་ལ་དྭགས་ནས་ཡིན་པའི་ཚེ་དབང་སྒྲོལ་མ་ལགས་ཀྱིས་འཕགས་མཆོག་སྤྱན་རས་གཟིགས་དངོས་སུ་མཇལ་ནས་སེམས་ལ་བདེ་བ་ཆེན་པོ་ཐོབ་བྱུང་། ལོ་གཅིག་མགོན་པོ་མཆོག་ཞབས་པུས་སྨན་བཅོས་གནང་བར་བརྟེན་ལ་དྭགས་སུ་ཕེབས་ཐུབ་མེད་ནའང་། ལོ་རྗེས་མར་ཆིབས་སྒྱུར་གནང་རྒྱུ་ཞལ་བཞེས་གནང་བར་ཧ་ཅང་དགའ་པོ་བྱུང་།

དེ་བཞིན་རྒྱ་གར་ཝཱ་རཱ་ཎ་སཱི་ནས་ཡིན་པའི་བུ་མོ་ཤམ་བྷ་བི་བཇ་པའི་(Shambhavi Bajpai) ལགས་ཀྱིས། ༸གོང་ས་མཆོག་ཐེངས་དང་པོ་མཇལ་རྒྱུ་བྱུང་བར་སེམས་ལ་དགའ་ཚོར་ཆེན་པོ་བྱུང་ལ། མགོན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གནང་བའི་ཁྲོད་དུ་རང་གཞན་གཉིས་ཀར་བདེ་བ་འདོད་ན་བྱམས་བརྩེ་ཉམས་ལེན་དགོས་པའི་གསུངས་དེ་སེམས་ལ་ཟུག་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་རེར་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་སུ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཕྱི་ནང་གི་དད་ལྡན་པར་མཇལ་ཁ་སྩལ་གྱི་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎