༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག


2014.11.07
༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་བཞིན་པ། ༢༠༡༤།༡༡།༧ ༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་བཞིན་པ། ༢༠༡༤།༡༡།༧
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

༧གོང་ས་མཆོག་གིས་ཁཱ་ན་ཊ་དང་ཨ་རི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་སྐབས་ཕེབས་བསུ་གཟབ་རྒྱས་བྱས་འདུག
དེ་ཡང་ཕྱི་ཟླ་༡༠པའི་ཚེས་༢༡་ནས་བཟུང་འདས་པའི་བདུན་ཕྲག་གསུམ་ཙམ་རིང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་དང་། ཀེ་ན་ཊའི་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ནང་མང་ཚོགས་ལ་བཀའ་སློབ་གསུངས་བཤད་དང་། ཆོས་འབྲེལ་ཀྱི་མཛད་འཕྲིན་བསྐྱོང་གནང་མཛད་ཡོད་པ་ལེགས་པར་འགྲུབ་ནས་ཚེས་༧ཉིན་བཞུགས་སྒར་དུ་ཕྱིར་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།
ཕྱི་ཟླ་༡༠ ཚེས་ ༢༡ ཉིན་གོང་ས་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་Vancouverནས་མཛད་འཆར་དབུ་འཛུགས་ཀྱིས་དེ་རྗེས་ཨ་རིའི་མངའ་སྡེ་Alabamaམའི་གྲོང་ཁྱེར་Birminghamདང་། ནིའུ་ཇར་སིའི་ཁུལ་གྱི་Princetonགཙུག་སློབ་གྲྭ Massachusettsམངའ་སྡེའི་གྲོང་ཁྱེར་Bostonདེ་བཞིན་གྲོང་ཁྱེར་ནིའུ་ཡོཀ་བཅས་ཀྱི་ནང་ཆོས་འབྲེལ་དང་། མང་ཚོགས་ལ་བཀའ་སློབ། ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ནང་བཀའ་སློབ། དེ་བཞིན་གཙུག་ལག་སློབ་གྲྭ་སོགས་ནང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ། གཞན་ཡང་ གྲོས་ཚོགས་དང་ཚོང་རིག་ལས་དོན་གྱི་འཐུས་མི་རྣམས་ལ་བཀའ་སློབ། བོད་རིགས་དང་རྒྱ་རིགས་མང་ཚོགས་རྣམས་ལ་མཇལ་ཁ་དང་བཀའ་སློབ། དེ་བཞིན་གསར་འགོད་པའི་དྲི་བར་བཀའ་ལན་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད། འདི་གའི་བཞུགས་སྒར་གྱི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་༡༡པའི་ཚེས་༧ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་སྐབས་རྡ་ས་Gagal གནམ་ཐང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་ལ་ཕེབས་ལམ་གཡས་གཡོན་དུ་བོད་མི་སེར་སྐྱ་ཕོ་མོ་གཙོས་པའི་དད་ལྡན་བརྒྱ་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་་། གདུག་སྤོས་ཐོག་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎