ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པས་རྡུལ་ཕྲན་གོ་མཚོན་བེད་སྤྱོད་མི་གཏོང་བའི་འབོད་སྐུལ་གནང་འདུག

2022.03.28
ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པས་རྡུལ་ཕྲན་གོ་མཚོན་བེད་སྤྱོད་མི་གཏོང་བའི་འབོད་སྐུལ་གནང་འདུག སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༢༠
OHHDL

དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བཅུ་དྲུག་ཙམ་གྱིས། འདི་ཚེས་༢༦གཟའ་སྤེན་པའི་ཉིན་ཡོངས་ཁྱབ་སྤྱི་བསྒྲགས་ཞིག་སྤེལ་གནང་ཡོད་པ་དེའི་ནང་། ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱས་པ་དེས་ཡུལ་དེའི་མི་མང་ཙམ་མ་ཡིན་པར་འཛམ་གླིང་ཀུན་ལ་ཧ་ཅང་ཉེན་ཁ་དང་རྐྱེན་ངན་གྱི་དུས་སྐབས་ཞིག་ཀྱང་གྱུར་ཡོད་ཅེས་དང་། དེར་བརྟེན་ར་ཤེ་ཡའི་ངོས་ནས་ཡུཀ་རེན་ནས་འཕྲལ་དུ་དམག་དཔུང་ཕྱིར་འཐེན་དང་དམག་འཐབ་མཚམས་འཇོག་བྱེད་དགོས་པ། དེ་བཞིན་བྱང་ཨེཊ་ལན་ཊིཀ་ཆིངས་དོན་སྒྲིག་འཛུགས་ (NATO) དང་ར་ཤེ་ཡ། གཞན་ཡང་འབྲེལ་ཡོད་ཚང་མའི་ངོས་ནས་རྡུལ་ཕྲན་ནུས་ཤུགས་ཀྱི་ཆིངས་དོན་གཞིར་བཟུང་གྲོས་མོལ་གནང་དགོས་པ་ལས་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་དཔལ་ཡོན་དང་། གོ་ལའི་ཁོར་ཡུག་ལ་གནོད་ཚབས་བཟོ་བའི་རྡུལ་ཕྲན་གོ་མཚོན་རིགས་བེད་སྤྱོད་རྩ་བ་ནས་མི་གཏོང་རྒྱུའི་འབོད་སྐུལ་གནང་འདུག
ཡང་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་རྣམ་པའི་འབོད་སྐུལ་སྤྱི་བསྒྲགས་དེའི་ནང་། བཙན་གནོན་དང་། སྡིག་ར་སྐུལ་བའི་ཐོག་ནས་སྲིད་དབང་བཟུང་མཁན་ཚོར་མཐའ་ཅིག་ཏུ་ང་ཚོས་ངོ་རྒོལ་ཡོད་པ་དང་། དཀའ་རྙོག་ཇི་འདྲ་ཞིག་ཡིན་ནའང་དེ་དག་གྲོས་མོལ་དང་ཞི་འགྲིགས་ཀྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་གསུངས་པར་མ་ཟད། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་ཡོང་སྲིད་པ་ཞིག་རེད་ལ་དེས་ཞི་བདེའི་ཁོར་ཡུག་ཞིག་ཀྱང་སྐྲུན་ཐུབ་ཀྱི་རེད་ཅེས་གསུངས་འདུག ལྷག་པར་དུ་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་རྣམ་པས། ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་དང་རྒོལ་བརྡུང་གཏོང་བཞིན་པར་ངོ་རྒོལ་གནང་བ་དང་སྦྲགས་ཕྱོགས་ཡོངས་ནས་དམག་འཐབ་མཚམས་འཇོག་དགོས་པར་མ་ཟད། ཉེན་ཁ་ཆེ་བས་རྡུལ་ཕྲན་གོ་མཚོན་ནམ་ཡང་བེད་སྤྱོད་མི་བྱེད་པའི་འབོད་སྐུལ་ནན་པོ་གནང་འདུག
ཪ་ཤི་ཡའི་སྲིད་འཛིན་གཙོས་པའི་ཕྱི་འབྲེལ་དཔོིན་རིགས་ཁག་ཅིག་གིས་ར་ཤི་ཡའི་ངོས་ནས་ཡུཀ་རེན་གྱི་དམག་དོན་དང་འབྲེལ་བའི་གནད་དོན་གྱི་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་སྲིད་པའི་འདམ་ཁ་དོར་མེད་ལུགས་སྔ་རྗེས་བརྗོད་པ་དེས་འཛམ་གླིང་ནང་སེམས་ཁྲལ་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎