བྱང་ཀོ་རི་ཡའི་ནང་ཕྱིའི་གནས་ཚུལ་རྟོགས་རྒྱུར་བཀག་འགོག།

བྱང་ཀོ་རི་ཡ་གཞུང་གིས་མི་དམངས་ཚོར་ཕྱིའི་གནས་ཚུལ་ཤེས་རྟོག་ཡོང་རྒྱུར་བློ་འཚབ་ཀྱིས་ཕལ་ཆེར་བཀག་འགོག་བྱ་རྒྱུའི་སྔོན་དཔག།

2011.04.12

༄༅༎བྱང་ཀོ་རི་ཡའི་ནང་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་བར་དར་གསོ་ཆེན་པོ་བྱེད་བཞིན་ཡོད་པ་དེ་ཡིས། བྱང་ཀོ་རི་ཡ་གཞུང་གིས་མི་དམངས་ཚོར་ཕྱིའི་གནས་ཚུལ་ཤེས་རྟོག་ཡོང་རྒྱུར་བློ་འཚབ་ཀྱིས་ཕལ་ཆེར་བཀག་འགོག་བྱ་རྒྱུའི་འགོག་རྐྱེན་དུ་འགྱུར་སྲིད་པ་ལྷོ་ཀོ་རི་ཡའི་ཕྱོགས་ནས་སྔོན་དཔག་གནང་གི་ཡོད་པ་རེད།

དེ་རིང་ལྷོ་ཀོ་རི་ཡའི་རྒྱལ་ས་སོའོལ་དུ་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག་ལྷོ་ཀོ་རི་ཡའི་ཆིག་སྒྲིལ་བློན་ཆེན་གཞོན་པས།་ན་ནིང་ཨི་ཇིཔཏ་ཡི་ལག་འཁྱེར་ཁ་པར་ཚོང་ལས་ཁང་ཞིག་གིས་བྱང་ཀོ་རི་ཡའི་མི་དམངས་ནང་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་གྱི་བསྡོམས་རྩིས་ཤིག་བཏོན་པའི་ནང༌། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་གྲངས་ཀ་ནི་བཞི་འབུམ་ལྔ་ཁྲི་བར་འཕེལ་རྒྱས་ཕྱིན་པ་དང་དེ་ནི་བརྒྱ་ཆ་ལྔ་བཅུས་མང་དུ་ཕྱིན་ཡོད་ཅིང༌། གྲངས་ཀ་དེ་ཡང་ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་ཉི་ཧོང་ནང་དུ་ཡོད་པའི་བྱང་ཀོ་རི་ཡའི་འདོད་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གསར་འགྱུར་ལས་ཁང་ཆོ་སུན་སིན་སྦོ་ཟེར་བས་བཏོན་པ་ཞིག་ཡིན་པའི་སྐོར་གསུང་པ་དང༌། འོན་ཀྱང་བྱང་ཀོ་རི་ཡའི་ནང་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་མང་དུ་ཕྱིན་པ་དེ་ཡིས་ཕྱི་ཕྱོགས་ཀྱི་གནས་ཚུལ་ཤེས་རྟོག་ཡོང་རྒྱུ་རང་དབང་སྐྲུན་ཐུབ་རྒྱུ་མིན་། དེའི་རྒྱུ་མཚན་ནི། བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཡི་རྒྱུད་འཛིན་གྱིས་འཛམ་གླིང་ཕྱིའི་གསར་འགྱུར་ནི་བྱང་ཀོ་རི་ཡའི་ནང་ཤེས་རྟོག་ཡོང་བར་བཀག་འགོག་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་དམངས་གཙོའི་ལས་འགུལ་རྒྱལ་ཁབ་གཞན་དག་ནང་ཁྱབ་འཕེལ་ཕྱིན་པའི་རྗེས། བྱང་ཀོ་རི་ཡའི་ཕྱོགས་ནས་རྒྱལ་ཁབ་ཀྱི་སྲིད་དབང་ལ་ཉེན་ཁའི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུར་བཀག་འགོག་གི་ནུས་པ་སྔར་བས་ཆེས་ཆེར་གཏོང་རྒྱུའི་འབད་བརྩོན་བྱ་རྒྱུའི་འཆར་གཞི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། ཨི་ཇིཔཏ་གྱི་རྒྱལ་ས་ཁའེ་རོའོ་ནང་དུ་ཡོད་པའི་ལག་འཁྱེར་ཁ་པར་ཚོང་ལས་ཁང་གིས། ཕྱི་ལོ་༢༠༠༨ནས་བཟུང་བྱང་ཀོ་རི་ཡའི་ནང་ལག་འཁྱེར་ཁ་པར་ཚོང་གི་ལས་དོན་འགོ་བཙུགས་ཏེ། ༢༠༠༩ལོར་ཁ་པར་ཉོ་མཁན་ཁྲི་བདུན་ཙམ་བྱུང་བ་ནས་༢༠༡༠ལོའི་ཕྱི་ཟླ་དགུ་པའི་ཟླ་མཇུག་བར་འབུམ་གསུམ་ལྷག་བར་འཕེལ་རྒྱས་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎