བོད་སློབ་འཛིན་སྐྱོང་ཁང་ནས་དགེ་རྒན་ལ་བྱ་དགའ་བསྩལ་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་སློབ་འཛིན་སྐྱོང་ཁང་གིས་གཟེངས་སུ་ཐོན་པའི་དགེ་རྒན་དང་ལས་བྱེད་པ་ཁག་ཅིག་ལ་བྱ་དགའ་ཕུལ་ཡོད་པ་རེད།

2008.06.03

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་དབུས་བོད་སློབ་འཛིན་སྐྱོང་ཁང་གིས་བོད་སློབ་འཛིན་སྐྱོང་ཁང་དེའི་འོག་ཡོད་པའི་སློབ་གྲ་ཁག་གི་ནང་སློབ་ཁྲིད་ལས་དོན་གཟེངས་སུ་ཐོན་པའི་དགེ་རྒན་དང་ལས་བྱེད་པ་སོ་སོའི་ལས་དོན་གཟེངས་སུ་ཐོན་པ་ཁག་ཅིག་ལ་བྱ་དགའ་ཕུལ་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་ ཕྱི་ལི་ ༢༠༠༧ ལོར་ཤེས་ཡོན་གྱི་ལས་རིགས་ནང་དགེ་རྒན་དང་ལས་བྱེད་པར་བྱ་དགའ་ཕུལ་བའི་མཛད་སྒོ་དེ་བཞིན་ཕྱི་ཟླ་ལྔ་པའི་ཚེས་ ༢༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་དབུས་བོད་སློབ་འཛིན་སྐྱོང་གི་ལས་ཁུངས་ནང་སྐོང་ཚོགས་གནང་སྟེ་སློབ་གྲའི་སློབ་ཁྲིད་ཀྱི་ལས་དོན་ནང་གཟེངས་སུ་ཐོན་པའི་བྱ་དགའ་བཞེས་མཁན་གཅིག་ནི་རྡོ་རྗེ་གླིང་དུ་ཡོད་པའི་བོད་པའི་མཐོ་རིམ་སློབ་གྲའི་དགེ་རྒན་དབང་ཕྱུག་ལགས་དང་། རྒྱ་གར་ལྷོ་ཕྱགོས་མོན་གོ་ཊ་བོད་མིའི་གཞིས་ཆགས་ནང་ཡོད་པའི་བོད་སློབ་འཛིན་སྐྱོང་འོག་གི་དམའ་རིམ་སློབ་གྲའི་དགེ་རྒན་ཆེ་མོ་རྒྱ་གར་བ་ ཝི་མཱ་ཤུ་སུ་ཌ་ནན་དང་། མ་སུ་རི་སློབ་གྲའི་ཤིང་བརྐོས་དགེ་རྒན་པི་ཨེན་པཱན་ཌེ། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ནང་ཡོད་པའི་སི་ཝི་པི་དམག་རིམ་སློབ་གྲའི་དགེ་རྒན་བློ་བཟང་སྒྲོལ་མ་ལགས་བཅས་སུ་ཕུལ་ཡོད་ཅིང༌། དེ་མིན་གྱི་ལས་བྱེད་པ་བྱ་དགའ་བཞེས་མཁན་གྲས་སུ་མ་སུ་རི་བོད་སློབ་ཀྱི་པི་ཀེ་པཱ་ཐཀ་དང་མོན་གོ་ཊ་བོད་མིའི་གཞིས་ཆགས་ནང་གི་བོད་སློབ་ཀྱི་ལས་བྱེད་པ་ ཇེ་ཨེམ་ནའེཀ་ བཅས་ཡིན་པ་རེད། གཟེངས་བསྟོད་ཀྱི་བྱ་དགའ་ནང་རྟགས་མ་དང་ལག་འཁྱེར་། སྟོད་གོས་ཤོའོལ་རེ་རེ་དང་རྒྱ་གར་གྱི་སྒོར་མོ་སྟོང་ཕྲག་ལྔ་རེ་ཡོད་ཅིང་། མཛད་སྒོ་དེའི་སྐུ་མགྲོན་དུ་དབུས་བོད་སློབ་འཛིན་སྐྱོང་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ ཨེསི་སི་ཀུན་ཊི་ཡ་དང་། འགན་འཛིན་སྐུ་ཞབས་ ཝི་ནིཏ་ཇོ་ཤི། དེ་བཞིན་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་ལགས། བཙན་བྱོལ་བོད་གཞུང་གི་ཤེས་རིག་དྲུང་ཆེ་ལས་འཕར་བཀྲིས་རི་དགའ་ལགས་དང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པ་ཚེ་རིང་ཕུན་ཚོགས་ལགས་བཅས་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎