རྒྱ་ནག་དང་ཁེ་ན་ཌའི་ཚོང་དོན་ལྷན་ཚོགས་ལ་འབོད་སྐུལ།

རྒྱ་ནག་དང་ཁེ་ན་ཌའི་ཚོང་དོན་ལྷན་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

2009.09.16

༄༅༎ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་ལྟ་ཁེ་ན་ཌའི་ནང་བསྐོང་ཚོགས་གནང་བཞིན་པའི་རྒྱ་ནག་དང་ཁེ་ན་ཌའི་ཚོང་དོན་ལྷན་ཚོགས་དེའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དེ་ཡང་ཁ་ས་སྤྱི་ཚེས་བཅོ་ལྔ་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་ནང་ཁེ་ན་ཌ་དང་རྒྱ་ནག་གཉིས་དབར་ལོ་འཁོར་ཚོང་དོན་ལྷན་ཚོགས་ཐེངས་གསུམ་པའི་སྐབས་ཁེ་ན་ཌའི་ཚོང་པ་ཚོས་ཚོང་དོན་གཅིག་པུ་མ་ཡིན་པར་སྐབས་དེ་དུས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དང་ངལ་རྩོལ་དེ་བཞིན་འཁོར་ཡུག་སྲུང་སྐྱོབས་ཀྱི་གནས་སྟངས་སོགས་ཀྱི་ཐད་ལྷན་ཚོགས་དེའི་ཐོག་གླེང་མོལ་གནང་དགོས་ཀྱི་ཡོད་པ་རེད་ཅེས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འབོད་སྐུལ་གནང་བའི་སྙན་ཐོ་དེའི་ནང་བཀོད་གནང་ཡོད་པ་རེད། ཡང་གོང་ཞུས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མུ་མཐུད་གསུངས་ན་ཁེ་ན་ཌའི་ཚོང་དོན་ཚན་པས་རྒྱ་ནག་མཉམ་དུ་ཚོང་དོན་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་གནད་དོན་དེ་དག་ནི་རྒྱ་ནག་ནང་ཧ་ཅང་གི་བློ་འཚབ་གནང་དགོས་པའི་གནད་དོན་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས་དེ་དོན་ཁེ་ན་ཌའི་ཚོང་དོན་ཚན་པས་ད་རེས་རྒྱ་ནག་གི་མཉམ་དུ་ཚོང་དོན་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གལ་འགངས་ཆེན་པོར་རྩིས་གནང་བའི་ཐོག་ལོ་འཁོར་གྱི་ཚོང་དོན་ལྷན་ཚོགས་ཐེངས་གསུམ་པ་དེའི་ཐོག་གླེང་སློང་གནང་དགོས་ཀྱི་རེད་ཅེས་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎