མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་སྐབས་སྲིད་སྐྱོང་མཆོག་ཕེབས་ནས་མཉམ་ཞུགས་གནང་འདུག

2021.07.19
མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་སྐབས་སྲིད་སྐྱོང་མཆོག་ཕེབས་ནས་མཉམ་ཞུགས་གནང་འདུག མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་སྐབས་སྲིད་སྐྱོང་མཆོག་ཕེབས་ནས་མཉམ་ཞུགས་གནང་སྐབས། ༧།༡༩།༢༡
tibet.net

རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཞབས་རིམ་ཆེད་བཞུགས་སྒར་རྡ་རམ་ས་ལར་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕེབས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་ལོ་ལྟར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཞབས་རིམ་དུ་དམིགས་ཏེ་མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་བཞིན་ཡོད་པ་ལྟར། འདི་ལོར་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཀྱི་རྐྱེན་པས་མི་མང་འདུ་འཛོམས་མེད་པའི་ཐོག་ཟླ་༧་ཚེས་༡༩་རེས་གཟའ་ཟླ་བ་ཉིན་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས་གནང་སྐབས། ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་བློ་བཟང་བསྟན་དར་ལགས་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ། དེ་བཞིན་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་འདུག་ལ་འདི་ཚེས་༢༡་བར་གྱི་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་ཡིན་པ་རེད།
ནམ་རྒྱུན་ཡིན་ན་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་ནང་ས་གནས་བོད་མི་དང་། དེ་བཞིན་དད་ལྡན་པ་ཚོ་ཉིན་གྲངས་འགའ་ཤས་རིང་མཉམ་ཞུགས་གནང་ནས་སྐོངས་འཚོགས་གནང་སྲོལ་ཡོད་པ་དང་། དེའི་སྐབས་སུ་ཟས་རིགས་ཀྱི་སྦྱིན་པ་རྒྱ་ཆེར་གཏོང་གནང་སྲོལ་ཡོད་པ་ཞིག་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎