དུས་འཁོར་དབང་ཆེན་༣༢པའི་སྐབས་ཤ་སྤང་དགོས་པའི་རེ་བསྐུལ།

གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ཆོས་ཞུ་བ་ཚོས་ཤ་སྤོངས་དགོས་པའི་རེ་བསྐུལ་གནང་འདུག

2011.10.29

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ཆོས་ཞུ་བ་ཚོས་ཤ་སྤོངས་དགོས་པའི་རེ་བསྐུལ་གནང་འདུག།
དེ་ཡང་བོད་མིའི་སྒྲིག་འཛུག་གི་གཞུང་འབྲེལ་དྲ་རྒྱའི་ཐོག་འབོད་བསྐུལ་གསལ་བསྒྲགས་ཤིག་གནང་ཡོད་པ་དེའི་ནང་། འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༣༡ ནས་ ཕྱི་ལོ་ ༢༠༡༢ ཟླ་ ༡་ཚེས་ ༡༠ བར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་བསྩལ་གནང་མཛད་སྐབས།  བོད་སྤྱི་མཐུན་གྱི་ཚོགས་གསོག་སྒྲིབ་སྦྱོང་རྒྱ་གང་ཆེ་ཞུ་རྒྱུའི་དམིགས་ཡུལ་དང་བཅས།  དམར་ཟས་ཀྱི་ཆེད་དམིགས་པའི་དུད་འགྲོ་སེམས་ཅན་རྣམས་དུས་མིན་འཆི་རྐྱེན་དུ་མ་སོང་བ་དང་།  དེ་བཞིན་ཤ་དུག་ལ་སོགས་པ་ཤ་ཡིས་རྐྱེན་པས་ནད་ཡམས་རིགས་ཀྱི་མི་ཡོང་མངོན་འགོག་ཐུབ་རྒྱུའི་དགེ་ཚན་དུ་མ་ཡོད་པ་བཅས་ལ་བརྟེན་ནས། ཆོས་ཞུ་བ་ཚོས་ངེས་པར་དམར་ཟས་སྤོང་ཞིང་དཀར་ཟས་ཁོ་ནར་སྤྱོད་ཐུབ་རྒྱུར་དོ་ནན་གནང་དགོས་པའི་དགེ་བསྐུལ་ཞུས་ཡོད་པ་དང༌།  འདིའི་ཐད་འབྲེལ་ཡོད་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་། དེ་མིན་ས་གནས་སུ་ཟ་ཁང་འཛུགས་གཉེར་རྣམས་ནས་ཀྱང་མཐུན་འགྱུར་གང་ལེགས་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་ཡོད་པ་རེད།
ཕྱི་ཟླ་ ༡༢་ཚེས་ ༣༡ ནས་ ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ ཚེས་ ༣ བར་ས་ཆོག་གི་སྟ་གོན་གྱི་རིམ་པ་དང་ ཕྱི་ཚེས་ ༣ དང་ ༤ ༥ བཅས་ཉིན་གྲངས་གསུམ་རིང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་དང་ སློབ་དཔོན་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་ཀྱི་སྒོ་ནས་སྔོན་འགྲོའི་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་ཞིང༌།  ཕྱི་ཚེས་ ༧་དང་ ༨་ ༩་ བཅས་སུ་བཀའ་དབང་དངོས་གཞི་དང་། ཕྱི་ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎