རང་ལུས་མེར་བསྲེགས་བཏང་བར་གཞུང་འབྲེལ་མཆོད་འབུལ།


2015.03.13
བོད་མིའི་སྒྲིག་འཛུགས་ཀྱིས་ནོར་ཕྱུགས་ལགས་ཀྱི་ཆེད་བསྔོ་སྨོན། ༢༠༡༥།༣།༡༣ བོད་མིའི་སྒྲིག་འཛུགས་ཀྱིས་ནོར་ཕྱུགས་ལགས་ཀྱི་ཆེད་བསྔོ་སྨོན། ༢༠༡༥།༣།༡༣
Photo: RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཉིན་ཤས་སྔོན་བོད་ནང་སྐུ་ལུས་མེར་བསྲེགས་གནང་མཁན་ནོར་ཕྱུགས་ལགས་ཀྱི་ཆེད་བསྔོ་སྨོན་གནང་འདུག     
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་མི་གནས་ཡོད་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་སྐུ་ལུས་མེར་བསྲེགས་བཏང་གནང་མཁན་ཚོར་རྒྱུན་དུ་ནས་གདུང་སེམས་མཉམ་བསྐྱེད་དང་། སྨོན་ལམ་གསོལ་འདེབས་ཀྱི་འདུ་འཛོམས་གནང་གི་ཡོད་པ་ལྟར། ཕྱི་ཟླ་གསུམ་པའི་ཚེས་༥ཏེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བེུད་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་རང་དབང་ཆེད་སྐུ་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པར་དྲན་གསོ་དང་། ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཚེས་༡༣ཀྱི་ཉིན་རྒྱབ་གཞུང་འབྲེལ་སྨོན་ལམ་གསོལ་འདེབས་གནང་ཡོད་འདུག
ཁོང་གིས་མཚན་མོར་སྐུ་ལུས་མེར་བསྲེགས་བཏང་བ་ཡིན་སྟབས་སྐུ་ཕུང་རྒྱ་ནག་གཞུང་ཕྱོགས་ཀྱི་ལག་ཏུ་ཤོར་མེད་ནའང་སྐུ་ཕུང་བཙན་འཕྲོག་བྱེད་པར་དོགས་ཟོན་གྱིས་ཕྱི་ཚེས་༦ཉིན་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་ཞུགས་འབུལ་ཞུས་ཡོད་པ་དང་། ད་ཆ་ས་གནས་ཉེན་རྟོག་པས་དམ་དྲག་བྱེད་བཞིན་ཡོད་ཅིང་། ཁོང་ནི་རྔ་པ་རྫོང་ཁོངས་ནས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་མི་གྲངས་སོ་བཅུ་སོ་བདུན་པ་དང་། རྔ་བ་རྫོང་ཁོངས་ནས་བེུད་སྐུ་ལུས་མེར་བསྲེགས་གནང་མཁན་བཞི་པ་དེ་ཡིན་པ་རེད།
ནོར་ཕྱུགས་ལགས་ད་ལོ་རང་ལོ་༤༧ཡིན་པ་དང་། དྷི་ཕུ་དགོན་གྱི་ལྷ་སྡེ་མི་ཎི་སྐྱབས་ཚང་གི་ཕ་ཚེ་བདག་ལགས་དང་། མ་འོད་སྒྲོན་ལགས་གཉིས་ཀྱི་བོུ་ཡིན་ཞིང་། ཁོང་གི་བཟའ་ཟླ་དཔའ་རྩལ་ལགས་དང་ཁོང་གཉིས་ལ་བུ་བུ་མོ་གསུམ་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎