རྒྱ་ནག་ནང་འབྱོར་ལྡན་མི་སྣ་ཚོས་རྒྱས་སྤྲོས་ཚོད་འཛིན།


2014.08.14
རྒྱ་ནག་གི་གྲོང་ཁྱེར་ཞིག་གི་རྣམ་པ། རྒྱ་ནག་གི་གྲོང་ཁྱེར་ཞིག་གི་རྣམ་པ།
དྲ་བཤུས

ལྐོག་ཟ་རུལ་སུངས་བཀག་སྡོམ་གྱི་གནོན་ཞུགས་འོག་རྒྱ་ནག་གི་འབྱོར་ལྡན་མི་སྣ་ཚོས་རྒྱས་སྤྲོས་བྱེད་རྒྱུར་ཚོད་འཛིན་བྱེད་འགོ་ཚུཊ་ཡོད་འདུག
དེ་ཡང་སྲིད་འཛིན་ཞི་ཅིན་ཕེན་གྱིས་སྔ་ལོ་ནས་ལྐོག་ཟ་རུལ་སུངས་ཐད་དམ་བསྒྲགས་སྲིད་ཇུས་ལག་བསྟར་བྱས་ཡོད་པ་དང་། དེའི་ཆེད་མཐོ་རིམ་དཔོན་རིགས་མང་དག་གི་བྱ་སྤྱོད་ལ་ཞིབ་འཇུག་གི་གནོན་ཤུགས་འོག་དེ་སྔ་རྒྱུ་ནོར་ངོམ་རྒྱུར་ཐེ་ཚོམ་མེད་པའི་དཔོན་རིགས་མང་པོས་ད་ཆ་གཟབ་གཟབ་བྱེད་ཀྱི་ཡོད་པའི་རྣམ་པར་བར་ལམ་ནས་ཧོང་ཀོང་དང་། མ་ཁའོ་གཉིས་ནང་རྒྱན་རྩེད་ཆེད་འགྲུལ་བཞུད་བྱེད་མཁན་ཉུང་དུ་ཕྱིན་ཡོད་འདུག དེ་བཞིན་གཞུང་འབྲེལ་གྱི་གསོལ་སྟོན་རྒྱས་པོ་དང་། ཆང་རག་གོང་ཆེན་ཉོ་བ། རྔན་པ་གྱ་ནོམ་པ་སྤྲོད་སྲོལ་ཐད་ཀྱང་བསྲི་ཚགས་མི་བྱེད་རང་བྱེད་ཆགས་ཡོད་འདུག གཞུང་གི་དམ་བསྒྲགས་དང་། སོ་སོའི་ལས་སྣེ་ཤོར་བའི་འཇིགས་སྣང་འོག་ད་ཆ་འབྱོར་ལྡན་དཔོན་རིགས་ཚོ་ཧོང་ཀོང་དང་། མ་ཀའོ་ནང་རྒྱན་རྩེད་ཆེད་འགྲོ་རྒྱུར་ཡིད་ཟབ་བྱེད་བཞིན་པའི་རྣམ་པར་ཟླ་བ་བདུན་པའི་ནང་། ས་གནས་དེ་གཉིས་ཀྱི་རྒྱན་རྩེད་ཡོང་བབ་བརྒྱ་ཆ་བཞི་མིན་ཙམ་ཉུང་དུ་ཕྱིན་ཡོད་པའི་ཁར་རྒྱན་ཆ་ཉོ་མཁན་ཡང་བརྒྱ་ཆ་༢༨ལྷག་ཉུང་དུ་ཕྱིན་ཡོད་འདུག དབྱིན་ཡུལ་གྱི་གྲགས་ཆེ་བའི་ཨ་རག་ཚོང་འབྲེལ་ཡང་བརྒྱ་ཆ་༡༤མར་ཆག་ཡོད་འདུག དེ་བཞིན་ཡོ་རོབ་ཁུལ་དུ་རིན་གོང་ཆེ་བའི་དཔེ་གསར་གྱོན་ཆས་ཁྲོམ་རའི་འགྲོ་རྒྱུག་ཀྱང་ཉུང་དུ་ཕྱིན་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎