པེ་ཅིན་དུ་སློབ་ཆེན་སློབ་མས་ནད་ཡམས་དང་འབྲེལ་བའི་གཞུང་གི་དམ་དྲག་བྱ་ཐབས་ལ་ངོ་རྒོལ་བྱས་འདུག

2022.05.26
པེ་ཅིན་དུ་སློབ་ཆེན་སློབ་མས་ནད་ཡམས་དང་འབྲེལ་བའི་གཞུང་གི་དམ་དྲག་བྱ་ཐབས་ལ་ངོ་རྒོལ་བྱས་འདུག གཟའ་མིག་དམར་ཉིན་པེ་ཅིང་གི་པེ་ཧྲི་ཏ་སློབ་ཆེན་དུ། ༥།༢༤།༢༠༢༢
Shared by protest participants.

འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ཀྱིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། རྒྱ་ནག་པེ་ཅིན་དུ་ཡོད་པའི་རྒྱ་ནག་ཆབ་སྲིད་དང་ཁྲིམས་འཛིན་སློབ་ཆེན་དང་། པེ་ཧྲི་ཏ་སློབ་ཆེན་གཉིས་ཀྱི་སློབ་མ་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱས་ཏེ་བསུན་གཙེར་བཟོ་བཞིན་པའི་གནས་སྟངས་ལ་མ་བཟོད་པར་ངོ་རྒོལ་བྱས་ཡོད་པ་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་བརྙན་ཐུང་ཁག་ལས་ཤེས་རྟོགས་བྱུང་འདུག
དེ་ཡང་པེ་ཅིན་ཧེ་ཏུན་ཁོངས་གཏོགས་ས་གནས་ཀྱིས་སྒོ་རྒྱ་བསྡམས་རྒྱུའི་གསལ་བསྒྲགས་བྱས་པ་དང་མཉམ་དུ། གོང་གི་སློབ་ཆེན་དེ་གཉིས་ཀྱིས་གཟའ་ཟླ་བ་ནས་བཟུང་གནས་སྐབས་རིང་སློབ་ཁྲིད་མཚམས་འཇོག་བྱས་པའི་སྟབས་ཀྱིས་སློབ་མ་ཚོས་ངོ་རྒོལ་བྱས་པ་ཞིག་ཡིན་འདུག རྒྱ་ནག་ཆབ་སྲིད་དང་ཁྲིམས་འཛིན་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་སློབ་གྲྭའི་རྭ་སྐོར་ནང་འདུ་འཛོམས་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་གྱི་གློག་སྤར་པ་དང་། སོ་སོའི་ཁྱིམ་དུ་ལོག་ཆོག་པའི་བདམས་ཀ་སྤྲོད་དགོས་པའི་བླང་བྱ་བཏོན་འདུག་པ་མ་ཟད། མཐའ་མའི་ཡིག་རྒྱུགས་དུས་ཚོད་ཀྱི་བརྡ་འཕྲིན་ཁ་གསལ་དང་སློབ་གྲྭའི་འཛིན་སྐྱོང་ཕྱི་གསལ་ནང་གསལ་དགོས་པའི་དགོས་འདུན་བཏོན་འདུག
ཡང་གཟའ་མིག་དམར་ཉིན་པེ་ཧྲི་ཏ་སློབ་ཆེན་དུའང་གོང་དང་འདྲ་བར་སློབ་མ་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེ་དུས་ངོ་རྒོལ་བ་ཁག་ཅིག་གིས་ཕྱི་ལོ་སྔོན་གྱི་༢༠༩ལོའི་རྒྱ་ནག་གི་ཞིང་བ་ཡར་ལངས་སྐབས་ཀྱི་སྐད་འབོད་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འབོད་ཚིག་ཁག་བསྒྲགས་པའི་གནས་ཚུལ་ཁག་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་འདུག

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎