ཤྲི་ལངྐ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་ཚུད་མེད་པ།

ཤྲི་ལངྐས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་མི་མཐུན་པའི་བྱ་སྤྱོད་ལ་བརྟེན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོཊ་མིའི་ཁོངས་སུ་ཚུད་མེད་པ་རེད།

2008.05.22

༄༅༎རེས་གཟའ་ཕུར་བུའི་ཉིན་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་ནང་ཚོགས་མི་རྒྱལ་ཁབ་གསར་པ་འཛུལ་ཞུགས་བྱ་རྒྱུའི་འོས་བསྡུ་བྱས་པའི་སྐབས་ཤྲི་ལངྐའི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་ཞན་པའི་སྐྱོན་ཧ་ཅང་ཤུགས་ཆེ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་མེད་པ་རེད།

ཤྲི་ལངྐས་ད་རེས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་མ་ཚུད་པའི་རྒྱུ་མཚན་ནི་ཤི་རི་ལང་ཀའི་གཞུང་གིས་འདས་པའི་ལོ་༢༥ཡི་རིང་སྟག་མིལ་སྟག་གི་གྱེན་ལོག་ཤོག་ཁག་དང་ནང་འཁྲུགས་རྒྱབ་སྟེ་རོགས་སྐྱོར་བྱས་མཁན་གྱི་ལས་བྱེད་ཐོག་རྒོལ་རྡུང་བཏང་བ་མ་ཟད་ཉེས་རྡུང་དང་མནར་གཅོད་ཀྱི་བྱ་སྤྱོད་སྤེལ་བ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་མི་མཐུན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ལ་རྟེན་གཞི་བྱས་པའི་ཚོགས་མི་རྒྱལ་ཁབ་༤༧ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེ་བཞིན་ལོ་གཉིས་གོང་ལ་ལྷན་ཁང་ཞེས་མིང་འགྱུར་བྱས་ཏེ་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྟོག་ཞིབ་དང་སྐྱོན་བརྗོད་གནང་མཁན་གྱི་ལྷན་ཁང་ཞིག་ཡིན་པ་རེད། ཡིན་ནའང་ལྷན་ཁང་གསར་པ་དེའི་ཐོག་ནས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་བྱ་སྤྱོད་སོགས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་ད་དུང་རྒྱ་ནག་གཞུང་གིས་ཌ་ཕུར་ས་གནས་ནང་མི་རིགས་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་པའི་གནད་དོན། དེ་བཞིན་ཨིཛ་རེལ་དང་པེ་ལེས྄་ཊེན་བར་གྱི་གནས་སྟངས་ཐོག་ལ་ནུས་པ་ཐོན་པའི་ལངས་ཕྱོགས་འཛིན་གྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎