གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས།


2015.11.30
ཇར་མན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་འགུལ་སྤེལ་བ། ༢༠༡༥།༡༡།༢༩ ཇར་མན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་འགུལ་སྤེལ་བ། ༢༠༡༥།༡༡།༢༩
TID

ཨ་རི་དང་རྒྱ་ནག་གཉིས་མཉམ་རུབ་ཀྱི་ཐོག་ནས་འཛམ་གླིང་ནང་དུག་རླངས་གཅོག་ཐབས་ཀྱི་ལས་དོན་ཐོག་འབད་བརྩོན་གནང་རྒྱུ་ཡིན་པ།
དེ་ཡང་འདི་ཟླའི་སྤྱི་ཚེས༢༩ཉིན་ནས་ཧྥ་རན་སིའི་རྒྱལ་ས་Paris་ནང་རྒྱལ་ཁབ་ཁག་༡༥༠ཙམ་གྱི་དབུ་ཁྲིད་རྣམས་ལྷན་དུ་འཛོམས་ནས། གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཚོགས་བཞིན་པ་དང་། དེའི་ཐོག་ཨ་མི་རི་ཀའི་སྲིད་འཛིན་Obamaམཆོག་དང་། རྒྱ་ནག་གི་སྲིད་འཛིན་Xi jinpingརྣམ་གཉིས་ནས། ཨ་རི་དང་། རྒྱ་ནག་ཡུལ་གྲུ་གཉིས་མཉམ་རུབ་ཀྱི་ཐོག་ནས་འཛམ་གླིང་ནང་དུག་རླང་བཅོག་ཐབས་ཀྱི་ལས་དོན་ཐོག་འབད་བརྩོན་གནང་རྒྱུ་ཡིན་ལུགས་གསུངས་གནང་ཡོད་པ་རེད།
ད་རེས་ལྷན་ཚོགས་དེ་དབུ་བཙུགས་ཀྱི་ཐོག་མར་ཨ་མི་རི་ཀའི་སྲིད་འཛིན་Obama མཆོག་གིས་རྒྱ་ནག་དང་། ཨ་མི་རི་ཀ་གཉིས་ཀྱིས་ལོ་སྔོན་མའི་ནང་དམ་བཅའ་བཞག་པ་བཞིན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་འཛམ་གླིང་ནང་རྡུལ་རླངས་བཅོག་ཐབས་ཀྱི་འབད་བརྩོན་གནང་སྟེ། འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་ཁོར་ཡུག་གནས་སྟངས་ཀྱི་ཐོག་རོགས་རམ་གནང་རྒྱུ་ཡིན་པས་རྒྱལ་ཁབ་གཞན་ཁག་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།
ཡང་སྲིད་འཛིན་Obamaམཆོག་གིས་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་དང་  མཁའ་རླུང་འབགས་བཙོགས་བཟོ་མཁན་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་མཉམ་རུབ་ཀྱིས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་དོན་ཐད་འགན་ཁུར་ཆེན་པོའི་ཐོག་ནས་ལས་འགུལ་སྤེལ་རྒྱུའི་བློ་ཐག་གཏན་པོ་བཅད་ཟིན་པ་ཡིན་ཞེས་གསལ་སྟོན་གནང་ཡོད་པ་རེད།
ད་ལྟ་ཧྥ་རན་སིའི་རྒྱལ་ས་Parisསིའི་ནང་སྐོང་འཚོགས་གནང་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་དེའི་ཐོག འཛམ་གླིང་གི་རྒྱལ་ཁབ་༡༥༠་ལྷག་ཙམ་གྱི་དབུ་ཁྲིད་མཉམ་ཞུགས་གནང་སྟེ། ལྷན་ཚོགས་དེའི་བརྒྱུད་རིམ་ནས་ཁོང་རྣམ་པས་ས་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་འགྲོ་བཞིན་པ་དེའི་ཐོག་དམིགས་ཡུལ་གཅིག་མཚུངས་ཀྱི་སྒོ་ནས་མཉམ་ལས་གནང་རྒྱུའི་དམ་བཅའ་དང་འབོད་སྐུལ་གནང་བཞིན་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎