༸གོང་ས་མཆོག་ལ་མཐོང་མཆན་མ་ཕུལ་བའི་རྒྱུ་མཚན་སྐོར།

ལྷོ་ཨཕ་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་དོ་ཕོག་མི་ཡོང་བའི་ཆེད་ཐག་གཅོད་བྱས་པ་ཞིག་ཡིན་སྐོར་ངོས་ལེན་བྱས་ཡོད་པ་རེད།

2009.03.26

༄༅༎ལྷོ་ཨཕ་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་འོག་༸གོང་ས་མཆོག་ལ་ལྦི་ཛ་མཐོང་མཆན་ཕུལ་མེད་པའི་རྐྱེན་གྱིས་ལྷོ་ཨཕ་རི་ཀའི་གཞུང་གི་གནང་ཕྱོགས་ལ་རྒྱལ་ཁབ་ནང་ཁུལ་ནས་ཞི་བདེའི་བྱ་དགའ་བཞེས་མཁན་གྲས་ཡེ་ཤུའི་བླ་ཆེན་ཊུ་ཊུ་དང་སྲིད་འཛིན་ཟུར་པ་ཨེཕ་ཌབ་ལུ་ཌི་ཀ་ལརྑ་རྣམ་གཉིས་ནས་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་གནང་སྟེ་ཞི་བདེའི་ལྷན་ཚོགས་ཕྱིར་འགྱངས་བྱ་དགོས་བྱུང་པ་མ་ཟད་ཨཕ་རི་ཀའི་གསར་འགྱུར་བརྒྱུད་ལམ་ཁག་དང་གཞུང་དམངས་གཉིས་ཀའི་ཁྲོད་ནས་ལྷོ་ཨཕ་རི་ཀའི་གཞུང་ལ་ཁ་རྡུང་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ལྷོ་ཨཕ་རི་ཀའི་གཞུང་གིས་ད་རེས་༸གོང་ས་མཆོག་ལ་ཐོང་མཆན་འབུལ་རྒྱུ་བཀག་འགོག་བྱས་པ་དེ་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ནར་དམིགས་པའི་ཐག་གཅོད་ཡིན་པ་ལས་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་མེད་ཚུལ་གཏམ་བཤད་སྤེལ་ཡོད་པ་རེད། ཡིན་ཡང་༸གོང་ས་མཆོག་ལ་མཐོང་མཆན་བཀག་འགོག་བྱས་པའི་གནས་ཚུལ་དེ་ད་ཆ་ལྷོ་ཨཕ་རི་ཀའི་ནང་བགྲོ་གླེང་དང་རྩོད་གླེང་གི་གནད་དོན་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་སྟབས་ལྷོ་ཨཕ་རི་ཀས་རེས་གཟའ་ལྷག་པའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་༸གོང་ས་མཆོག་ལ་མཐོང་མཆན་བཀག་འགོག་བྱས་པ་དེ་ལྷོ་ཨཕ་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ལ་དོ་ཕོག་མི་ཡོང་བའི་ཆེད་ཐག་གཅོད་བྱས་པ་ཞིག་ཡིན་སྐོར་ངོས་ལེན་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎