ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གི་དམ་དྲག་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག


2018.02.01
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག 2017/6 ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག 2017/6
Lhuboom/RFA

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གིས་རྒྱ་ནག་གཞུང་གིས་བླ་རུང་སྒར་ལ་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་། གྲོས་ཚོགས་ཀྱི་(Tom Lantos) འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་(Jim McGovern)་མཆོག་གིས་སྤྱི་ཟླ་༡་པོའི་ཚེས་༣༡་རེས་གཟའ་ལྷག་པའི་ཉིན། གྲོས་ཚོགས་འོག་མའི་འཐུས་མི་ཚོར་གཏམ་བཤད་ཞིག་སྤེལ་བའི་སྐབས། རྒྱ་ནག་གཞུང་གིས་བོད་ཀྱི་གྲགས་ཆེ་བའི་ནང་བསྟན་སློབ་གླིང་བླ་རུང་སྒར་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནད་དོན་ཐད་ལ་སྐྱོན་བརྗོད་བྱས་འདུག ཁོང་གིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་སྤྱི་ལོ་༢༠༡༨་ལོའི་ཟླ་བ་དང་པོའི་ཚེས་༢༤་ཉིན་པར་བསྐྲུན་བྱས་པའི་གནས་ཚུལ་ཞིག་ལ་གཞིགས་ན། བླ་རུང་སྒར་ལ་ན་ནིང་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་གནས་ཚུལ་བྱུང་རྗེས་རྒྱ་ནག་གཞུང་གིས་ཆེད་མངགས་བྱས་པའི་ཏང་གི་ཚོགས་མི་ཡིན་པའི་ལས་བྱེད་༢༠༠་དང་དེ་བཞིན་གཞུང་འབྲེལ་མི་སྣ་དཀྱུས་མ་བཅས་ནས་བླ་རུང་སྒར་གྱི་དཔལ་འབྱོར་དང་བདེ་འཇགས། དགོན་པའི་ནང་འཛུལ་ཞུགས་སུ་ཆོག་མིན། ཐ་ན་དཔེ་ཆ་གང་སློབ་དགོས་མིན་སྐོར་ལའང་དམ་འཛིན་ཆ་ཚང་བྱེད་བཞིན་ཡོད་པ་གནས་ཚུལ་བརྗོད་པ་ལུང་འདྲེན་དང་སྦྲགས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་བརྩི་བཀུར་ཡོད་པ་བརྗོད་བཞིན་ཡོད་ནའང་། ཆོས་མེད་སྨྲ་བ་ཆ་རྐྱེན་ཚང་དགོས་བརྗོད་པའི་གཞུང་གི་ལས་བྱེད་ཚོས་ཆོས་ལུགས་ཀྱི་ལྟེ་གནས་འགན་འཁུར་བཅུག་པ་དེ་ནི་ཆོས་དད་རང་དབང་མིན་པ་དང་། དེ་བཞིན་དགོན་པའི་ནང་འཛུལ་ཞུགས་ལ་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་དགོས་པ་ཆ་རྐྱེན་དང་སྦྲགས་གཞུང་གིས་སློབ་ཁྲིད་གང་ཆོག་མིན་གཏན་འབེབས་དང་སློབ་ཕྲུག་ཚོས་ངེས་པར་དུ་གུང་ཁྲན་ཏང་ལ་བསྟོད་བསྔགས་དགོས་པ་བརྗོད་པ་དེ་ནི་ཆོས་དད་རང་དབང་མིན་ཞེས་བརྗོད་འདུག
ཡང་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་(Jim McGovern)་མཆོག་གིས་གལ་སྲིད་ཨ་རིའི་སྲིད་འཛིན་(Trump)་གིས་དེའི་ཐད་ཡ་ལན་གྱི་ལག་བསྟར་ཞིག་གནང་གི་མིན་ན། གྲོས་ཚོགས་འོག་མའི་ངོས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་དམ་འཛིན་དང་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ལ་མཇུག་འབྲས་ཞིག་འབྱུང་གི་ཡོད་པ་ངེས་གཏན་བཟོ་དགོས་རེད་ཅེས་བརྗོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎