རྒྱ་གར་དུ་ཞིང་པར་གུན་གསབ་སྤྲོད་རྒྱུར་རྒྱབ་སྐྱོར།

རྒྱ་གར་གྱི་ཀོང་རེ་སེ་ཚོགས་པའི་ངོས་ནས་ཞིང་པ་ཚོའི་ས་ཞིང་ཐོབ་ཐང་ཐོག་བཅོས་བསྒྱུར་གྱིས་གུན་གསབ་ཆེ་ཙམ་སྤྲོད་རྒྱུར་རྒྱབ་སྐྱོར་གནང་བ།

2010.09.09

༄༅༎རྒྱ་གར་གྱི་ཀོང་རེ་སེ་ཚོགས་པའི་ངོས་ནས་ཞིང་པ་ཚོའི་ས་ཞིང་ཐོབ་ཐང་ཐོག་བཅོས་བསྒྱུར་གྱིས་གུན་གསབ་ཆེ་ཙམ་སྤྲོད་རྒྱུར་རྒྱབ་སྐྱོར་གནང་ཡོད་འདུག

དེ་ཡང་ད་ལྟའི་གཞུང་འཛིན་ཀོང་རེ་སེ་ཨ་ཡི་ཚོགས་པའི་གཙོ་འཛིན་ལྕམ་སོ་ནི་ཡ་གན་རྡི་མཆོག་གིས་དེ་རིང་རྒྱལ་ས་ལྡི་ལིའི་ནང་གསུངས་བཤད་གནང་བའི་ནང་། ཞིང་པ་ཚོར་ས་ཞིང་འདེབས་ལས་བྱེད་ཡུལ་གྱི་ས་ཆའི་ཐོག་འཛུགས་སྐྲུན་གྱི་ལས་འཆར་གསར་གཏོད་བྱེད་པའི་སྐབས་ས་ཆ་དེ་དག་གི་སྟེང་སྟོན་ཐོག་ཐོན་སྐྱེད་ཡག་པོ་ཡོང་གི་ཡོད་པའི་ས་ཆ་ཞིག་ཡིན་ན་དེར་གཞིགས་ནས་འཛུགས་སྐྲུན་ལས་གཞི་གསར་གཏོད་བྱེད་དགོས་མིན་ཞིབ་འཇུག་ཡག་པོ་བྱེད་དགོས་ཀྱི་རེད།

གང་ཡིན་ཟེར་ན་སྟོན་ཐོག་ཐོན་སྐྱེད་ཡག་པོ་ཡོང་ས་ཞིག་གི་ས་ཆ་དེ་བཟའ་འབྲུའི་ཐོན་ཁུངས་དགོས་ངེས་ཤིག་ཆགས་ཀྱི་ཡོད་རེད། གལ་སྲིད་ས་ཞིང་འདེབས་ཡུལ་གྱི་ས་ཆ་རིགས་ལ་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད་པ་ཡིན་ན། དེར་གཞིགས་པས་ཞིང་པ་ཚོར་གནས་སྤོས་བྱེད་ཡུལ་དང་། གུན་གསབ་སྤྲོད་རྒྱུ་སོགས་ལྡེང་ངེས་དང་། དགོས་ངེས་ཤིག་ངེས་པར་དུ་སྤྲོད་དགོས་ཀྱི་རེད་ཅེས་གསུངས་ཡོད་འདུག

ཉེ་ཆར་ཀོང་རེ་སེ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ར་ཧུལ་གྷན་རྡིས་སྲིད་བློན་མཆོག་དང་མཇལ་འཕྲད་ཀྱིས་གནད་དོན་འདིའི་ཐོག་བཀའ་མོལ་ཞུས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་གྱི་ཞིང་པ་ཚོར་ས་ཞིང་འདེབས་ཡུལ་དུ་འཛུགས་སྐྲུན་བྱེད་པའི་སྐབས་གཞུང་ནས་གུན་གསབ་སྣེ་སེལ་ཞིག་ལས་སྤྲད་ཀྱི་མེད་པ་རེད། ཁྲིམས་གཞི་དེ་ནི་དེ་སྔ་དབྱིན་ཇིའི་དབང་འོག་ཏུ་ཡོད་པའི་སྐབས་ཀྱི་ལམ་སྲོལ་རྙིང་པ་ཞིག་ཡིན་པ་རེད། འོན་ཀྱང་ད་རེས་ཀོང་རེ་སེ་ཚོགས་པའི་ངོས་ནས་ཞིང་པའི་ས་ཞིང་གུན་གསབ་ཀྱི་ཁྲིམས་གཞི་བཅོས་སྒྱུར་གཏོང་རྒྱུའི་གླེང་སློང་འདི་ནི་ཆབ་སྲིད་ཀྱི་གནད་འགག་ཞིག་འོག་ནས་ཡིན་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎