གསེར་རྟ་རྫོང་དུ་མེ་མདའ་ཕོག་པའི་བོད་མིའི་གནས་སྟངས།

རྒྱ་གཞུང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཕོག་པའི་ནང་ནས་བོད་མི་གཅིག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་གནས་ཚུལ།

2011.10.25

༄༅༎ཕྱི་ཟླ་བཅུ་པའི་ཆེས་ ༡༧ ཉིན། བོད་ཀྱི་གསེར་རྟ་རྗོང་གི་ཁེ་སྐོར་ས་གནས་སུ་རྒྱ་གཞུང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཕོག་པའི་ནང་ནས། བོད་མི་གཅིག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།
ཕྱི་ཟླ་བཅུ་པའི་ཚེས་ ༡༥་ ཉིན་ཁེ་སྐོར་ས་གནས་སུ་བོད་རིགས་ཚེ་དབང་སྐྱིད་ཞུས་པ་ཞིག་གིས་གཉེར་བཞིན་པའི་ཟ་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བསྒྲིག་བཤམ་བྱས་པར། ཉེན་རྟོག་པས་སྒྲིག་བཤམ་མི་ཆོག་པ་བཙན་བཀའ་བཏང་ནས་ཉེན་བརྡ་བཏང་བའི་སྐབས་རིན་ཆེན་རྡོ་རྗེ་སོགས་བོད་མི་བདུན་གྱིས་ས་གནས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ནས་ཉེན་རྟོག་ལས་ཁང་མདུན་དུ་ངོ་རྒོལ་སྐད་འབོད་གནང་འདུག རྒྱ་གཞུང་གི་ཉེན་རྟོག་པས་ངོ་རྒོལ་བྱས་མི་བོད་རིགས་བདུན་པོ་འཛིན་བཟུང་བྱས་འདུག དེ་ནས་ཕྱི་ཚེས་ ༡༧ ཉིན་བོད་མི་ཁག་གཅིག་ཉེན་རྟོག་ལས་ཁང་དུ་ཕེབས་ནས་བཀག་ཉར་བྱས་པ་རྣམས་གློད་འགྲོལ་དགོས་པའི་དགོས་འདུན་བཏོན་པའི་སྐབས། ཉེན་རྟོག་དམག་དང་ཁ་རྩོད་ཤོར་བའི་ནང་རྒྱ་མིའི་ཉེན་རྟོག་པས་མེ་མདའ་བརྒྱབ་ནས། འབྲུག་སྡེ་དང་། སྒོ་རྡ་ཞུ་བའི་བོད་མི་གཉིས་ལ་མེ་མདའ་ཕོག་ནས་རྨས་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད་ཅིང་། ད་ལྟའི་འཆར་རྨས་སྐྱོན་ཕོག་པའི་གྲས་ནས་འབྲུག་སྡེ་རྗོང་གི་སྨན་ཁང་ནང་དུ་སྨན་བཅོས་བྱེད་བཞིན་པ་ཡིན་རུང་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎