སྙིང་རྗེའི་ཀུན་སློང་གིས་རང་གི་ཚེ་སྲོག་བློས་བཏང་བྱས་བ་རེད།


2014.05.14
༧གོང་ས་མཆོག་གིས་ཇར་མ་ནིའི་གྲོང་ཁྱེར་Frankfurt་ལ་གསར་འགོད་པའི་དྲི་བར་བཀའ་ལན་གནང་བཞིན་པ། ༢༠༡༤།༥།༡༣ ༧གོང་ས་མཆོག་གིས་ཇར་མ་ནིའི་གྲོང་ཁྱེར་Frankfurt་ལ་གསར་འགོད་པའི་དྲི་བར་བཀའ་ལན་གནང་བཞིན་པ། ༢༠༡༤།༥།༡༣
སྐུ་སྒེར་དྲ་བ།

བོད་མིས་རང་ལུས་མེར་བསྲེཊ་ནི་སྙིང་རྗེས་ཀུན་སློང་གིས་རང་གི་ཚེ་སྲོག་བློས་བཏང་ནས་ངོ་རྒོལ་བྱས་བ་ཡིན་པ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཀྱི་རྒྱལ་ཁབ་བཞིའི་མཛད་རིམ་བསྐྱང་བཞིན་པའི་ཁྲོད། གསར་འགོད་པས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཞུས་པའི་སྐབས། ༧གོང་ས་མཆོག་གིས། བོད་ནང་བོད་མི་རང་ལུས་མེར་བསྲེགས་མཁན་ཚོས་ཁོང་ཁྲོའི་ཀུན་ནས་བླངས་ཏེ་གཞན་ལ་འཚེ་བ་བྱེད་ཀྱི་མེད་པ་དང་། དེ་ནི་སྙིང་རྗེའི་ཀུན་སློང་གིས་རང་གི་ཚེ་སྲོག་བློས་བཏང་ནས་རྒྱ་ནག་ཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་པ་དང་། ལྷག་དོན་དུ་བོད་ནང་གི་དགེ་འདུན་པ་རྣམས་ཀྱིས་བོད་ནང་བོད་ཀྱི་རིག་གཞུང་དང་། ནང་ཆོས་གཅེས་འཛིན་གྱི་ཐོག་རྒྱ་ནག་གིས་དྲག་སྤྱོད་ཀྱི་སྲིད་བྱུས་སྤེལ་བཞིན་པ་དངོས་སུ་མཐོང་དུས་འུ་ཐུག་ནས་སོ་སོའི་ཚེ་སྲོག་བཅད་ཀྱི་ཡོད་པ་རེད་ཅེས་གསུངས་ཞོར་༧གོང་ས་མཆོག་གིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་རྣོ་ངར་ཅན་གྱི་གནས་ཚུལ་ཞིག་ཡིན་པས་གནས་ཚུལ་དེ་ཚོ་བྱུང་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཆེན་པོ་བྱུང་བ་དང་། ལས་འགུལ་དེའི་ཐོག་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་ཤུགས་རྐྱེན་ཆེན་པོ་བཟོ་ཐུབ་པའི་ཡིད་ཆེས་གནང་གི་མེད་པའི་སྐོར་གསུངས་འདུག ད་དུང་༧གོང་ས་མཆོག་གིས་བོད་ནང་གི་རང་ལུས་མེར་སྲེག་གི་དངོས་ཡོད་གནས་སྟངས་གང་ཡིན་པ་ཕྱི་ནས་ཞིབ་འཇུག་རྩད་གཅོད་གནང་དགོས་པའི་སྐོར་བཀའ་ནན་པོ་གནང་འདུག   
སྤྱི་ལོ་༢༠༠༩་ནས་ད་བར་བོད་ནང་བོད་མི་༡༣༡་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོར་བོད་མི་དྲུག་གིས་རང་ལུས་མེར་བསྲེག་བཏང་ཡོད་པ་རེད།  

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎