འཇུ་བཟུང་རྗེས་ཀྱི་གནས་སྟངས་གསལ་བོ་མེད་པར་ལུས་འདུག


2014.05.14
གྲྭ་ཆོས་དབྱིངས་སྐལ་ལྡན་གྱི་ཉེ་པར་ཞིག གྲྭ་ཆོས་དབྱིངས་སྐལ་ལྡན་གྱི་ཉེ་པར་ཞིག
པར། ངག་དབར་ཐར་པ།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་སོག་ཙན་དན་དགོན་པའི་གྲྭ་བ་ཞིག་འཛིན་བཟུང་བྱས་བ་ནས་གནས་སྟངས་གསལ་བོ་མེད་པར་ལུས་ཡོད་འདུག
ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། འདི་ལོའི་སྤྱི་ཟླ་༣ ཚེས་༡༦ ཉིན་ཁ་པར་གྱི་འཕྲིན་ཐུང་བརྒྱུད་གྲོགས་པོ་དང་དགོན་པར་ཡོད་པའི་རྒྱ་གཞུང་གི་ལས་དོན་མི་སྣར། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གི་འབྲེལ་ཡོད་ཚན་པས། ནག་ཆུ་སོག་རྫོང་ཙན་དན་དགོན་པའི་གྲྭ་ཆོས་དབྱིངས་སྐལ་ལྡན་ལགས་འཇུ་བཟུང་བྱས་ཡོད་པ་དང་། དེའི་རྗེས་ནས་ད་བར་ཟླ་གཉིས་ལྷག་འགོར་ཡོད་ཀྱང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པར་ལྷག་ཡོད་པ་རེད།
ཁོང་ནིད་ལོ་རང་ལོ་༢༠ ཙམ་ཡིན་པའི་གྲྭ་ཆོས་དབྱིངས་སྐལ་ལྡན་ལགས་ཀྱི་སྐྱ་མིང་ལ་ཨ་ཐོག་ཞུ་བཞིན་ཡོད་པ་དང་། ཁོང་སོག་རྫོང་གཡག་ལ་ཡུལ་ཚོའི་གཡེག་གུ་གྲོང་གི་ཕ་ལྷ་འཁྱིལ་དང་མ་འབུམ་བཟང་གཉིས་ཀྱི་བུ་ཡིན་འདུག ཁོང་དེ་སྔོན་སློབ་གྲྭའི་ནང་ཡོད་སྐབས་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་སྟབས། རྒྱུན་དུ་མི་རིགས་དང་རིག་གཞུང་སྐོར་གྱི་རྩོམ་ཡིག་སྤེལ་བཞིན་ཡོད་པར་མ་ཟད། སོག་ཕྲུག་ཅེས་པའི་སྨྱུག་མིང་ལོག་རྒྱ་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་འདུག
ཁོང་གི་རྩོམ་ཡིག་གཅིག་འདི་ལྟར། སྐར་ལྔའི་འོག་ན་སྲོལ་རྒྱུན་ལ་རང་དབང་མེད།།
སྐར་ལྔའི་འོག་ན་ཆོས་ལུགས་ལ་རང་དབང་མེད།   
སྐར་ལྔའི་འོག་ན་འགྲོ་འོང་ལ་རང་དབང་མེད།  
སྐར་ལྔའི་འོག་ན་སྨྲ་སྒོ་ལ་རང་དབང་མེད།།  
སྐར་ལྔའི་འོག་ན་བདེན་དཔང་ལ་སྟོབས་ཤུགས་མེད།  
སྐར་ལྔའི་འོག་ན་དྲང་བདེན་ལ་རིན་ཐང་མེད།།
སྐར་ལྔའི་འོག་ན་ཤེས་ཡོན་ལ་མདུན་ལམ་མེད།  
སྐར་ལྔའི་འོག་ན་ཞི་བདེ་ལ་ཁ་ཕྱོགས་མེད་ཅེས་དང་།  
གཞན་ཡང་དེང་དུས་ང་ཅག་བོད་ཀྱི་འབངས་རྣམས་ལ།། མི་འདོད་འགལ་རྐྱེན་མང་ཞིང་ཁུར་ལྗི་བས།། བདེ་དོན་རྩོད་ལེན་བྱེད་པའི་དུས་འདི་ལ།། སྤོབས་པའི་སེམས་ཤུགས་མ་འཁུམས་གངས་ཅན་པ་ཞེས་སོགས་མི་རིགས་ཀྱི་ཞེན་ཁོག་དང་འཐབ་རྩོད་རྒྱུན་འཁྱོངས་བྱེད་པའི་གནད་དོན་སོགས་རྩོམ་ཡིག་ནང་གླེང་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎