བཞུགས་སྒར་ཉེ་འཁྲིས་སུ་བོད་ཀྱི་རིག་གཞུང་སྐོར་གྱི་བགྲོ་གླེང༌།

ས་ར་བོད་ཀྱི་མཐོ་སློབ་ཁང་དུ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ལ་བགྲོ་གླེང་གི་ཚོགས་འདུ་ཞིག་འགོ་བཙུགས་གནང་ཡོད་པ་རེད།

2009.11.18

༄༅༎བཙན་བྱོལ་བོད་གཞུང་དང་མི་དམངས་ཀྱིས་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་ལས་འགུལ་རིམ་པ་སྤེལ་བཞིན་པ་ལྟར་རེས་གཟའ་མིག་དམར་ནས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་ར་བོད་ཀྱི་མཐོ་སློབ་ཁང་དུ་བོད་ཀྱི་ཆོས་དང་རིག་གཞུང་ སྐད་ཡིག་ཐོག་ལ་བགྲོ་གླེང་གི་ཚོགས་འདུ་ཞིག་འགོ་བཙུགས་གནང་ཡོད་པ་རེད།

དེ་ཉིན་གྱི་འདུ་འཛོམས་དེ་དབུ་འབྱེད་གནང་མཁན་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་སྐུ་ཞབས་འཇམ་དཔལ་གྲགས་པ་ལགས་ཀྱིས་གཏམ་བཤད་གནང་བའི་ནང་ང་ཚོ་ད་རེས་འདིར་འཛོམས་པའི་དམིགས་ཡུལ་ནི་བཙན་བྱོལ་དུ་བསྡད་པའི་མི་ལོ་ལྔ་བཅུ་དེའི་རིང་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམ་རྒྱུན་འཛིན་དང་ཡར་རྒྱས་ཕྱོགས་སུ་ཇི་ལྟར་ཕྱིན་པའི་སྐོར་ལ་སྦྱང་བཤད་དང་བགྲོ་གླེང་བྱ་རྒྱུ་ཞིག་ཡིན་པ་གསུངས་ཡོད་པ་དང་ད་རེས་བགྲོ་གླེང་གི་འདུ་འཛོམས་ཆེན་པོ་དེའི་ཐོག་ཏུ་གདན་ཞུ་གནང་བའི་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཀརྨ་དགེ་ལེགས་ལགས་ཀྱིས་རྒྱ་མི་གུང་ཁྲན་གྱིས་བོད་བཙན་འཛུལ་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་ལ་ཚབས་ཆེའི་གནོད་འཚེ་བྱུང་བའི་ལོ་རྒྱུས་དེ་བཞིན་བཙན་བྱོལ་ནང་གི་བོད་པའི་སློབ་ཕྲུག་ཚོར་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་གཏན་འབེབས་རྨང་གཞིའི་ཐོག་ནས་ཤེས་ཡོན་སྦྱང་བརྩོན་བྱ་དགོས་པ། དེའི་ནང་ནས་ཤིན་ཏུ་ནས་གལ་འགངས་ཆེ་བ་ཞིག་ནི་མ་འོངས་སྤྱི་ཚོགས་ནང་དུ་རིགས་གཅིག་རྐང་འཛིན་གྱི་ཤེས་ལྡན་པ་གསོ་སྐྱིང་བྱ་རྒྱུར་ཤེས་ཡོན་གྱི་རྨང་གཞི་ནས་སྦྱང་བརྩོན་ཧུར་ཐག་བྱ་དགོས་པའི་སྐོར་གསུང་ཡོད་པ་རེད།

ཆེད་ལས་མི་སྣའི་བར་གྱི་བགྲོ་གླེང་གི་ཚོགས་འདུ་དེ་བཞིན་ཕྱི་ཚེས་བཅུ་བདུན་ནས་ཉི་ཤུ་གཅིག་བར་ཉིན་གྲངས་ལྔ་རིང་ཚོགས་རྒྱུའི་གོ་སྒྲིག་གནང་ཡོད་ཅིང་རྒྱ་གར་གྱི་ས་གནས་ཁག་མི་འདྲ་བ་ནས་ཤེས་ཡོན་དང་འབྲེལ་བའི་ཆེད་ལས་པ་ཁྱོན་ཉི་ཤུ་ལྷག་ཚོགས་བཅར་ཞུས་ཡོད་པ་དང་ཉིན་དང་པོའི་བགྲོ་གླེང་ནང་བོད་ཀྱི་ལོ་རྒྱུས་དང་ནང་ཆོས་ གསུམ་རྟགས་ཀྱི་འགྲོ་ལུགས། སྡེབས་སྦྱོར་སོགས་ཀྱི་སྐོར་བགྲོ་གླེང་དང་སྦྱང་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎