རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་སྣེ་ལེན་གནང་འདུག

2024.10.30
རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་སྣེ་ལེན་གནང་འདུག རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་སྣེ་ལེན་གནང་སྐབས། ༡༠།༢༩།༢༠༢༤
CTA

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་གཏོང་ལེན་སྙིང་རྗེའི་ཚོགས་པའི་ངོས་ནས་འཕྲོད་བསྟེན་སྣུམ་འཁོར་དབུ་འབྱེད་ཆེད། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Sukvinder Singh Sukhu)་ལགས་དངོས་སུ་ཕེབས་སྐབས། རྡ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་བོད་མིའི་ཚབ་བྱས་ཏེ་སྤྱི་ཁྱབ་བློན་ཆེན་ཕེབས་བསུ་སྣེ་ལེན་དང་། དུས་ཐུང་མཇལ་འཕྲད་ཀྱིས་བཀའ་མོལ་བྱུང་བའི་རིང་ཧི་མ་ཅལ་མངའ་སྡེ་གཞུང་གིས་དུས་རབས་ཕྱེད་ཀ་ལྷག་གི་རིང་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་མི་ཚོས་ཀྱང་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་བསམ་ཤེས་དང་། གཏོང་ལེན་ཚོགས་པའི་ངོས་ནས་རྒྱ་གར་ཡུལ་མི་ལ་ཕན་ཐོགས་པའི་གནས་ཚུལ་གཏང་རག་མཚོན་པའི་གཏམ་རྒྱུད་ཅིག་སྙན་སེང་ཞུ་རྒྱུ་བྱུང་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་གིས་དེའི་ཐད་དགའ་འགུ་གནང་བྱུང་བ་དཀོན་མཆོག་མིག་དམར་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Kunchok Migmar Receives Hon’ble CM Sukvinder Singh Sukhu (2).jpg
རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་སྣེ་ལེན་གནང་སྐབས། ༡༠།༢༩།༢༠༢༤


གོང་ཞུས་བཞིན་རྒྱ་གར་གྱི་བུ་མོ་ཆུང་ཆུང་ལོ་ན་བཞི་ཅན་ཞིག་རྡ་སའི་མེག་ལོཌ་གྷན་ཇི་སྲང་ལམ་ནས་སློང་མོ་བྱས་བསྡད་ཡོད་སྐབས། བྱམས་སེམས་ལྡན་པའི་བོད་པའི་དགེ་འདུན་པ་ཞིག་གིས་གཅེས་སྐྱོང་གསོས་ཕྲུག་གནང་ནས། དགེ་འདུན་པ་དེས་ཁོ་མོ་དང་གཞན་པ་ཚོར་གཏོང་ལེན་བྱམས་སྙིང་སློབ་གྲྭའི་ནང་ཤེས་ཡོན་སློབ་གཉེར་གྱི་གོ་སྐབས་སྤྲད་དེ་བརྩོན་འགྲུས་སྤྱད་ནས། ཉེ་ཆར་ཁོ་མོས་སྨན་པའི་སློབ་གཉེར་སློབ་མཐར་ཕྱིན་ཏེ་རང་གི་མི་ཚེ་ལ་འགྱུར་བ་ཕྱིན་པ་མ་ཟད། བོད་མིས་རྒྱ་གར་སྤྱི་ཚོགས་ལ་བཀའ་དྲིན་གཏང་རག་ཀྱང་མཚོན་ཡོད་པ་རེད། དེ་མིན་རྡ་སའི་བདེ་དོན་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་གཏོང་ལེན་ཚོགས་པའི་གནས་སྟངས་སྙན་སེང་དང་ཚོགས་པ་དེའི་རྒན་འཇམ་དབྱངས་སོགས་འབྲེལ་ཡོད་ལས་བྱེད་རྣམས་ངོ་སྤྲོད་ཞུས་ཡོད་འདུག


གསར་འགོད་པ། ལྕགས་མོ་འཚོ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎