ལྕམ་ཁི་ལིན་ཀྲོན་དཀྱིལ་ཤར་ཞི་མོལ་ལྷན་ཚོགས་སུ་ཕེབས་རྒྱུ།
2010.09.06
༄༅༎ཨ་མི་རི་ཀའི་རྒྱལ་དོན་ལྷན་ཁང་གི་གཞུང་འབྲེལ་གནས་ཚུལ་ཞིག་ཨ་རིའི་དཀྱིལ་ཤར་ཡུལ་གྲུའི་ཞི་བདེའི་ལས་དོན་སྐུ་ཚབ་ཇོཇ་མི་ཆེལ་གྱིས་གསུང་པར། རིང་མིན་ཨི་སི་རེལ་དང་པེ་ལི་སི་ཐའན་གྱི་རྩོད་རྙོག་སེལ་ཆེད་ཡུལ་གྲུ་དེ་གཉིས་དབུ་ཁྲིད་རྣམ་པ་དང་ཨ་མི་རི་ཁའི་རྒྱལ་དོན་དྲུང་ཆེ་ཧི་ལ་རི། ཁི་ལིན་ཀྲོན་མཆོག་གིས་ལྷན་བཞུགས་ཐོག་ཨི་ཇབ་ཀྱི་རྒྱ་མཚོ་དམར་པོའི་ཉེ་འགྲམ་གྱི་སྤྲོ་སེང་གཏོང་ཡུལ་གྱི་ས་གནས་ཤམ་ཨེལ་ཤིཀ་ཟེར་བ་དེར་ལྷན་འཛོམས་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
གོང་གསལ་ལྷན་འཛོམས་བཀའ་བསྡུར་དེ་སྤྱི་ཟླ་༩་ཚེས་༡༤་ཉིན་ཨི་སི་རེལ་གྱི་སྲིད་བློན་སྦེན་ཇ་མིན་ནེ་ཏན་ཡ་ཧུ་མཆོག་དང་པ་ལེ་སི་ཐའན་གྱི་སྲིད་འཛིན་མ་མུརྡ་ཨ་སྦ་སི་ ཨ་མི་རི་ཀའི་རྒྱལ་དོན་དྲུང་ཆེ་ཁི་ལིན་ཀྲོན་བཅས་རྣམ་པའི་མཇལ་འཛོམས་བཀའ་བསྡུར་གནང་གྲུབ་མཚམས་གྲོང་ཁྱེར་ཇེ་རུ་སེ་ལེམ་ལ་མུ་མཐུད་བཀའ་གྲོས་གནང་རྒྱུའི་འཆར་གཞི་ཡོད་པ་རེད། པེ་ལེ་སི་ཐའན་གྱི་ཕྱོགས་ནས་ཨི་སི་རེལ་གྱི་ཕྱོགས་ནས་ལྦེསི་སྦེང་ས་ཁུལ་གྱི་ནང་
འཛུགས་བསྐྲུན་རྒྱ་བསྐྱེད་བྱེད་པའི་གནས་སྟངས་མཚམས་འཇོག་དགོས་ལུགས་མཐའ་ནན་གསུང་གི་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་བཞག།