རང་བྱུང་ཁོར་ཡུག་གི་གད་སྙིགས་གཙང་སེལ་གྱི་ལས་འགུལ་སྤེལ་བ།


2016.10.07
མཚོ་སྔོན་ཡུལ་ཤུལ་ཁུལ་དུ་བོད་མི་ཚོས་རང་བྱུང་ཁོར་ཡུག་གི་གད་སྙིགས་གཙང་སེལ་གྱི་ལས་འགུལ་སྤེལ་སྐབས། ༢༠༡༦།༡༠།༥ མཚོ་སྔོན་ཡུལ་ཤུལ་ཁུལ་དུ་བོད་མི་ཚོས་རང་བྱུང་ཁོར་ཡུག་གི་གད་སྙིགས་གཙང་སེལ་གྱི་ལས་འགུལ་སྤེལ་སྐབས། ༢༠༡༦།༡༠།༥
བོད་འབྱོར།

མཚོ་སྔོན་ཡུལ་ཤུལ་ཁུལ་དུ་བོད་མི་ཚོས་རང་བྱུང་ཁོར་ཡུག་གི་གད་སྙིགས་གཙང་སེལ་གྱི་ལས་འགུལ་སྤེལ་འདུག
བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༡༠་བའི་ཚེས་༥་ཉིན་མཚོ་སྔོན་ཡུལ་ཤུལ་ཁུལ་དག་གཙང་དགེ་སེམས་ཚོགས་པས་གོ་སྒྲིག་བྱས་ནས་བོད་མི་ཚོས། ཆུ་བོ་རྨ་འབྲི་རྫ་གསུམ་གྱི་ཡ་གྱལ་གསེར་ལྡན་འབྲི་ཀླུང་སྔོན་མོའི་འགྲམ་ངོགས་དང་འབྲི་ཆུ་གཡས་ཕྱོགས་ཀྱི་དོད་ཤོད་ལུང་པ་སོགས་གཙང་གསུམ་མཐོ་སྒང་ནས་ཁོར་ཡུག་གཙང་སེལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་ནི་ཁུལ་དེར་ཚོགས་པ་དེས་ཐེངས་ལྔ་བའི་གད་སྙིགས་གཙང་སེལ་གྱི་ལས་འགུལ་སྤེལ་ཐེངས་ལྔ་བ་ཡིན་འདུག
ཚོགས་པ་འདི་ནི་བསམ་བློ་མཐུན་པའི་མི་སྣ་ཁག་གཅིག་མཉམ་འདུས་བྱེད་པའི་དྭངས་བླངས་ཀྱི་ཚོགས་པ་ཞིག་ཡིན་འདུག་ཅིང་། ལོ་རེར་ཚོགས་པ་དེའི་ཚོགས་མི་ཆ་བགོས་ཀྱིས་ནམ་དུས་བཞིར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གད་སྙིགས་གཙང་སེལ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག་པ་དང་། ཐེངས་འདིར་མཚོ་སྔོན་ཡུལ་ཤུལ་ས་ཁུལ་དུ་གད་སྙིགས་རླངས་འཁོར་ཁ་ཤས་གཙང་སེལ་ཐུབ་པ་བྱུང་ཡོད་པ་བོད་ནས་མིང་འདོན་གནང་འདོད་མེད་པ་ཚོགས་པ་དེའི་ཚོགས་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྱིར་ཚོགས་པ་འདི་ཉིད་ཀྱིས་ཡུལ་ཤུལ་ཁུལ་གྱི་ས་ཁུལ་སོ་སོ་དང་ལྷག་པར་དུ་འབྲི་ཆུའི་ཉེ་འགྲམ་ནས་ཁོར་ཡུག་གཙང་སེལ་གྱི་ལས་འགུལ་ཐེངས་མང་སྤེལ་ཡོད་ལ། ཁོར་སྲུང་དང་ལེན་རུ་ཆུང་ངམ་དག་གཙང་དགེ་སེམས་ཚོགས་པའི་རྒྱབ་སྐྱོར་དང་རྩ་འཛུགས་འོག་གི་ཚོགས་པ་དེའི་ཚོགས་ཞུགས་མི་སྣའི་ཐོག་ཁོར་ཡུག་ལ་དོན་གཉེར་ཅན་གྱི་ཡུལ་མི་ཚོས། དགོན་པ་དང་ཡུལ་སྡེ། གཞུང་ལམ་འགྲམ་རྒྱུད། གླིང་ག གཞུང་ཆུ་དང་ཆུ་མགོ་སོགས་ཀྱི་ཐོག་གཙང་སེལ་གྱི་ལས་འགུལ་སྤེལ་ཏེ། གཙང་སྦྲ་དང་མཛེས་ལྗོངས་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད་པ་རེད།
དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བོད་ནང་གི་ཁོར་ཡུག་གི་གནད་དོན་ཐད་ལ་ཡང་ཐུགས་སྣང་ཇེ་ཆེར་ཡོང་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎