རང་ལུས་མེར་བསྲེག་གཏོང་མཁན་ཆེད་བསྔོ་བ་སྨོན་ལམ།

གྲོང་ཁྱེར་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་ཤུའི་ཆོས་ཁང་དུ་འཛམ་གླིང་གི་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་ལྷན་འཛོམས།

2011.11.23

༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་ཤུའི་ཆོས་ཁང་དུ་འཛམ་གླིང་གི་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་ལྷན་འཛོམས་ཀྱིས་བར་ལམ་བོད་ནང་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་ནང་འདས་གྲོངས་སུ་ཕྱིན་པ་ཚོར་རྗེས་དྲན་དང་བསྔོ་བ་སྨོན་ལམ་གནང་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ཟླ་བ་འདིའི་ཕྱི་ཚེས་༢༡ རེས་གཟའ་ཟླ་བའི་དགོང་དྲོ་ཡེ་ཤུའི་ཆོས་ཁང་གིས་གོ་སྒྲིག་གནང་བ་དང༌། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱག་རོགས་གནང་སྟེ་ བོད་ནང་དུ་རང་ལུས་མེ་བསྲེག་བཏང་མཁན་གྱི་བོད་མི་འདས་གྲོངས་སུ་ཕྱིན་པ་ཚོར་སྨོན་ལམ་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྗེས་དྲན་ཞུས་ཡོད་ཅིང༌། ཆོས་ཁང་དེའི་ཆོས་དཔོན་མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་བའི་ནང༌། བོད་ནང་དུ་བོད་མི་བཅིུག་གིས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེག་བཏང་བའི་ཁོངས་ནས་རྐྱེན་འདས་སུ་ཕྱིན་པ་ཚོའི་ཆེད་དུ་་བསྔོ་སྨོན་དང་གདུང་སེམས་ཉམས་བསྐྱེད་ཀྱི་བྱེད་སྒོ་དེའི་ནང་དུ་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་དང༌། བོད་མི་མཉམ་བཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་གནང་བ་དང། དེ་ནས་ཨ་རིའི་དོན་གཅོད་སྐོུ་བློ་བཟང་སྙན་གྲགས་ལགས་ཀྱིས། ད་རེས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམས་འདུ་འཛོམས་ཀྱིས། བོད་ནང་དུ་རང་ལུས་མེ་བསྲེག་བཏང་མཁན་ཚོའི་ཆེད་དུ་བསྔོ་སྨོན་དང་གདུང་སེམས་མཉམ་བསྐྱེད་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། རེས་གཟའ་ཟླ་བའི་སྔ་དྲོ་ཁམས་དཀར་མཛེས་དགའ་ལྡན་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་འཚོ་ལགས་ཀྱིས་རང་ལུས་མེ་བསྲེག་གཏོང་བའི་བརྙན་འཕྲིན་པར་ལེན་ཐུང་ངུ་དེ་གཟིགས་པའི་རྗེས་ཐུགས་ཀྱི་སྐྱོ་སྣང་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རྗེས་ཆོས་ལུགས་མི་འདྲ་བ་སོ་སོའི་སྐུ་ཚབ་ནས། རང་ལུས་མེ་བསྲེག་བཏང་མཁན་བོད་མི་༡༡ གི་འདྲ་པར་ལ་གཟིགས་ཏེ། བསྔོ་སྨོན་གནང་ཡོད་པ་རེད། སྐབས་དེར་ཆོས་ལུགས་རེས་མེད་ཀྱི་སྨོན་ལམ་གནང་ཡུལ་དུ་ཕེབས་པའི་ཀིརྟི་དགོན་པའི་དགོན་བདག་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ནང་གི་བོད་མི་ཚོའི་ཆེད་དུ་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ཆོས་ལུགས་འདྲ་མིན་གྱི་འདུ་འཛོམས་དེའི་ནང་དུ་ཁ་ཆེ་དང༌། ཧིན་རྡུ། ཡེ་ཤུ། ཉི་ཧོང་གི་ནང་པ། བོད་པའི་ནང་པ། རྗེའུ་ཤི་བཅས་ཀྱི་སྐུ་ཚབ་རྣམ་པ་དང༌། དེ་བཞིན་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྐྱིད་སྡུག་ཁག་གི་འཐུས་མི་སོགས་ཁྱོན་མི་གྲངས་༦༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎