རྒྱ་གར་དང་རྒྱ་ནག་དབར་ཚོགས་འདུ་རིམ་པའི་ཐོག་བོད་དོན་གླེང་རྒྱུའི་ཞལ་བཞེས།


2018.11.16
སྤྱི་འཐུས་རྣམ་པ་རྒྱ་གར་ཇཱར་ཁན་མངའ་སྡེའི་ནང་། ༢༠༡༨།༡༡ སྤྱི་འཐུས་རྣམ་པ་རྒྱ་གར་ཇཱར་ཁན་མངའ་སྡེའི་ནང་། ༢༠༡༨།༡༡
chithu.org

རྒྱ་གར་ཇཱར་ཁན་ཋི་མངའ་སྡེའི་སྲིད་སྐྱོང་དང་འཛུགས་བསྐྲུན་བློན་ཆེན་གྱིས་རྒྱ་གར་དང་རྒྱ་ནག་དབར་ཚོགས་འདུ་རིམ་པའི་ཐོག་བོད་དོན་གླེང་རྒྱུའི་ཞལ་བཞེས་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་བཅས་ལས་གྲུབ་པ། སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག རྒྱ་གར་ཇཱར་ཁན་མངའ་སྡེའི་ནང་ཆེད་བསྐྱོད་ཀྱིས། སྤྱི་ཟླ་༡༡པའི་ཚེས་་༡༤ཉིན་ནས་མངའ་སྡེ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་དང་། ཡང་ཇཱར་ཁན་མངའ་སྡེའི་གྲོགས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། མངའ་སྡེའི་གྲོང་ཁྱེར་འཛུགས་བློན་ཆེན་(Chandreshwar Prasad Singh)་བཅས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། སྤྱི་ཚེས་༡༦ཉིན་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ཏིརོ་པ་ཏི་མུར་མཱོ་བཅས་ལ་མཇལ་འཕྲད་ཀྱིས། བོད་ཀྱི་གནད་དོན་དང་བོད་ནང་གི་གནས་བབ། རྒྱ་གར་ནང་བོད་མིའི་གྲངས་འབོར་སོགས་ཀྱི་སྐོར་གསལ་བཤད་གླེང་མོལ་གནང་སྐབས། ཁོང་ཚོས་བོད་དོན་ཐོག་བློ་འཚབ་དང་གདུང་སེམས་མཉམ་བསྐྱེད་ཡོད་པ། འབྱུང་འགྱུར་རྒྱ་གར་དང་རྒྱ་ནག་དབར་ཚོགས་འདུ་རིམ་པ་གང་འདྲ་ཅིག་བྱུང་ན། བོད་དོན་དང་འབྲེལ་བའི་གླེང་སློང་བྱ་ངེས་ཀྱི་ཞལ་བཞེས་གནང་ཡོད་པ་སྤྱི་འཐུས་ཚོགས་ཆུང་དེའི་ནང་གི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ནས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས། ང་ཚོ་བཙན་བྱོལ་ལ་གྱར་ནས་གཙོ་ཆེ་ཤོས་རྒྱ་གར་ནང་གནས་ཆགས་ཡོད་པས། ང་ཚོ་རྒྱ་གར་མི་མང་དང་རྒྱ་གར་སྲིད་དོན་པ་ཚོར་ཐུག་འཕྲད་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། མང་པོ་ཅིག་གིས་མཁྱེན་གྱི་འདུག་ནའང་མ་མཁྱེན་པ་ཚོར་ཞུས་དུས། ཁོང་ཚོ་ལའང་བསམ་བློ་གསར་པ་ཅིག་རྙེད་པ་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུང་གི་འདུག་པ་བཅས་ངོ་སྤྲོད་གནང་བྱུང་།
དེ་བཞིན་ཡང་བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། སྤྱི་འཐུས་མི་འགྱུར་རྡོ་རྗེ་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་བཞིའི་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་སྲིད་སྐྱོང་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎